e-texts navigator
Collection
Volume
Page
Wylie

30a1 ན། འདི་ལྟར་ཅང་མི་སྦུབས་དེ་དེ་བཞིན་དུ་འཛིན་ཏོ།། ། སྣོམ་ལ། འོ་མནོ་དང་མར་དང་ནི།། ཞུན་མར་འབྲུ་མར་སྦྲང་རྩི་དང་།། དབུ་པ་ཉ་ཤ་ཤ་དང་།
30a2 ནི།། ཤ་སྐམ་བསླབ་སྡོམ་བྱིན་པའོ།། འཕགས་མ་དག་སོ་སོར་བཤགས་པར་བྱ་བའི་ཆོས་བཅུ་གཅིག་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་།། ཡང་དགེ
30a3 སློང་མ་གང་མི་ན་བར་གཞན་གྱིས་ཁྱིམ་ནས་བདག་གི་དོན་དུ་འོ་མ་བསླངས་ཏེ་འཐུང་ན། དགེ་སློང་མ་དེས་ཕྱི་རོལ་དབྱར་ཁང་དུ་སོང་སྟེ། དགེ་སློང་མ་རྣམས་ལ་འཕགས་མ་དག་བདག་ལ་སྨད་པར་བྱ་བའི་གནས
30a4 མི་རིགས་པ་སོ་སོར་བཤགས་པར་བྱ་བ་འབྱུང་གིས། ཆོས་དེ་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ནི་སོ་སོར་བཤགས་པར་བྱ་བའོ།། ཡང་དགེ་སློང་མ་གང་མི་ན་བར་གཞན་གྱིས་ཁྱིམ་ནས་བདག་གི་དོན་དུ
30a5 ཞོ་དང་། མར་དང་། ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་བླངས་ཏེ་འཐུངས་མ་ཟོས་ན། དགེ་སློང་མ་དེས་ཕྱི་རོལ་དབྱར་ཁང་དུ་སོང་སྟེ།
30a6 དགེ་སློང་མ་རྣམས་ལ་འཕགས་མ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱང་གིས། ཆོས་དེས་སོ་སོར་བཤགས་སོ།། ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ
30a7 སོར་བཤགས་པར་བྱ་བའོ། ། སློབ་པ་དག་གི་ཁྱིམ་གང་དག་ན་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པར་གྱུར་པ་ལ། དགེ་སློང་མ་གང་སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས




iiif viewer powered by OpenSeadragon

29b - 30b

Texts on this page

S4 - dge slong ma'i so sor thar ba'i mdo