e-texts navigator
Collection
Volume
Page
Wylie

20b1 བུ་མོ་འམ། ཀུན་ཏུ་རྒྱུ་འམ། ཀུན་ཏུ་རྒྱུ་མོ་ལ་རང་གི་ལག་ནས་བཟའ་བ་དང་། བཅའ་བ་བྱིན་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་དམག་ཆས་པ་ལ་ལྟར་འགྲོ་ན་ལྟུང་བྱེད་དོ།། དགེ་སློང་མ་དམག་ཆས་པ
20b2 ལ་ལྟར་འགྲོ་བ་དེ་ལྟ་བུའི་རྐྱེན་འགའ་ཞིག་བྱུང་ན། དགེ་སློང་མ་དེས་དམག་དེའི་ནང་དུ་ཞག་གཉིས་ཚུན་ཆད་གནས་པར་བྱའོ།། དེ་ལས་ལྷག་པར་གནས་ན་ལྟུང་བྱེད་དོ།། དགེ་སློང་མ་ཞག་གཉིས་དམག་དེའི་ནང
20b3 ན་གནས་པའི་ཚེ་ཡང་གལ་ཏེ་བཤམས་པ་འཁྲུག་ཏུ་འགྲོ་འམ། རྒྱལ་མཚན་གྱི་ཚོགས་མཆོག་གམ། དཔུང་གི་ཚོགས་སམ། གཡུལ་བཤམས་པའི་དམག་ལ་ལྟ་བ་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ།། ཡང
20b4 དགེ་སློང་མ་གང་ཁྲོས་འཁྲུགས་བརྔམ་པར་གྱུར་ཏེ་ཡིད་མ་རངས་ནས་དགེ་སློང་མ་བརྡེག་ན་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་ཁྲོས་འཁྲུགས་བརྔམ་པར་གྱུར་ཏེ་ཡིད་མ་རངས་ནས་དགེ་སློང་མ་ལ་བརྡེག་པར་གཟས
20b5 ན། ཐ་ན་ཐལ་མོས་ཀྱང་རུང་སྟེ་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཤེས་བཞིན་དུ་དགེ་སློང་མའི་གནས་ངན་ལེན་གྱིས་ལྟུང་བ་འཆབ་ན་ལྟུང་བྱེད་དོ།། ། སྡོམ་ལ། བདེ་དང་མེ་དང་འདུན
20b6 པ་དང་། བསྙེན་པར་མ་རྫོགས་ཆོས་དང་སྒྲ།། དགེ་ཚུལ་ཁ་དོག་བསྒྱུར་བ་དང་།། རིན་པོ་ཆེ་དང་ཚ་བའི་དུས། ཡང་དགེ་སློང་མ་གང་ཀླན་ཀ་ཚོལ་ཞིང་། ཅི་ནས་ཀྱང་དགེ་སློང་མ་ལས
20b7 ཀླན་ཀ་བཙལ་བར་བྱའོ། ། སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། དགེ་སློང་མ་ལ་འདི་སྐད་ཅེས། འཕགས་མ་ཚུར་ཤོག། ཁྱོད་ཁྱིམ་དག་ཏུ་འདོང་དང་།། དེར་ཁྱོད་ལ་བཅའ་བ་དང་བཟའ་བ་བསོད་པ་ཇི་ཙམ




iiif viewer powered by OpenSeadragon

20a - 21a

Texts on this page

S4 - dge slong ma'i so sor thar ba'i mdo