e-texts navigator
Collection
Volume
Page
Wylie

19a1 སློང་མ་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། གནོད་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར
19a2 བའི་མདོ་གདོན་པ་བཏོན་པ་དག་གིས་ཅི་ཞིག་བྱ་ཞེས་ཟེར་ཞིང་བསླབ་པ་ཁྱད་དུ་གསོད་ན་ལྟུང་བྱེད་དོ། ། །། སྡོམ་ལ། ས་བོན་འཕྱ་བ་བསྒོ་བ་དང་།། ཁྲི་དང་གདོང་དང་ཕྱིས་གནོན་དང་།།
19a3 འབྱུང་བ་དང་ནི་འདེབས་པ་དང་།། རིམ་པ་གཉིས་སུ་རྩིག་པའོ།། ས་བོན་གྱིས་ཚོགས་སམ། འབྱུང་པོའི་གནས་འཇིག་གམ། འཇིག་ཏུ་འཇུག་ན་ལྟུང་བྱེད་དོ།། འཕྱའམ་གཞོག་འཕྱས་བྱེད་ན་ལྟུང
19a4 བྱེད་དོ། ། བསྒོ་བ་རྣ་ལ་གཟོད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་དགེ་འདུན་གྱི་ཁྲི་འམ། ཁྲིའུ་འམ། སྟན་ནང་ཚངས་ཅན་ནམ། བྲལ་བ་འམ། སྔས་སམ། གོར་བུ་བླག་གབ་མེད་པར་བཏིང་ངམ།
19a5 འདིང་དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་མ་འཁོད་པ་ལ་ཡང་མ་བཅོལ་བར་དེ་ནས་སོང་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་དགེ་འདུན་གྱི
19a6 དབྱར་ཁང་དུ་རྩཝའི་གདིང་བ་འམ། ལོ་མའི་གདིང་བ་བཏིང་ངམ། འདིང་དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་མ་འཁོད་པ་ལ་མ་བཅོལ་བར་དེ་ནས་སོང་ན།། དེ་འདྲ་བའི
19a7 རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། ། ཡང་དགེ་སློང་མ་གང་དགེ་འདུན་གྱི་དབྱར་ཁང་ནས་དགེ་སློང་མ་སྔ་ནས་འཁོདེ་བར་ཤེས་བཞིན་དུ་ཕྱིས་འོངས་ནས། སུ་ལ་གནོད་པ་དེ་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་དུ་བྱས




iiif viewer powered by OpenSeadragon

18b - 19b

Texts on this page

S4 - dge slong ma'i so sor thar ba'i mdo