e-texts navigator
Collection
Volume
Page
Wylie

4b1 ཅིག་དང་། དེང་དགེ་འདུན་གསོ་སྦྱོང་མཛད་དེ། སོ་སོར་ཐར་པའི་མདོ་གདོན་པ་འདོན་ནོ།། འདི་ནི་གསོལ་བའོ།། ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། སོ་སོར་ཐར་པའི་མདོ་གདོན་པ་འདོན་གྱིས
4b2 ཁྱེད་ཅག་སུལ་ལྟུང་བ་ཡོད་པ་དེས་མཐོལ་ཅིག། ལྟུང་བ་མེད་ན་ཅང་མ་སྨྲ་ཞིག། ཅང་མི་སྨྲན་བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་བྱའོ།། ཇི་ལྟར་སོ་སོར་དྲིས་ནས་དགེ་སློང་གིས་ལན
4b3 བཏབ་པ་དེ་བཞིན་དུ། དགེ་སློང་གི་འཁོར་འདི་ལྟ་བུར་ཡང་ལན་གསུམ་གྱི་བར་དུ་བསྒྲགས་པར་བྱ་བ་ཡིན་ནོ།། གླེང་གཞི་རྣམ་པར་གཞག་པ་འཛིན་དུ་འཇུག་པའོ།། ཡང་དགེ་སློང་གང་དགེ་སློང་གི་འཁོར
4b4 འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲགས་པ་ན། ལྟུང་བ་ཡོད་ལ་དྲན་བཞིན་དུ་མི་མཐོལ་ན། དེ་ཤེས་བཞིན་དུ་བརྫུན་སྨྲ་བ་ཡིན་ནོ།། ཚེ་དང་ལྡན་པ་དག་ཤེས་བཞིན་དུ་བརྫུན་སྨྲ་བ་ནི་བཅོམ་ལྡན
4b5 འདས་ཀྱིས་བར་དུ་བཅོད་པའི་ཆོས་སུ་གསུངས་སོ། ། དེ་བས་ན་དགེ་སློང་ལྟུང་བ་བྱུང་བ་རྣམ་པར་དག་པ་འདོད་པས་ལྟུང་བ་ཡོད་ལ་དྲན་ཞིང་མཐོང་བ་མཐོལ་བར་བྱའོ།། མཐོལ་ན་དེ་བདེ་བ་ལ་རེག་པར
4b6 གནས་པར་འགྱུར་རོ། ། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ།། ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་མདོ་གདོན་པའི་གླེང་གཞི་བཏོན་ཟིན་ཏོ།། དེ་ལ་བདག་གིས་ཚེ་དང
4b7 ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། ། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།། འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི




iiif viewer powered by OpenSeadragon

4a - 5a

Texts on this page

S2 - so sor thar ba'i mdo