| | e-texts navigator
|
4a1 རྣལ་འབྱོར་དུ་བྱའོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པའི་དགེ་བའི
4a2 ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱང་བག་ཡོད་པས་འཐོབ་བོ། ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དོན་ཉུང་བ་བྱ་བ་ཉུང་བ་ཡིན་པས། དགེ་འདུན་གྱིས་ཐོག་པར་བྱ་བ་ཅི་ཡོད། ཚེ་དང་ལྡན་པ
4a3 དག་མ་ལྷགས་པ་རྣམས་ལ་འདུན་པ་དང་། ཡོངས་སུ་དག་པ་དྲིས་ཤིག། དྲིས་ནས་ཀྱང་བརྗོད་པར་བྱའོ།། ཤཱཀྱ་སེངྒེ་དེ་ལ་ནི།། སེན་མོ་བཅུ་ཡི་ཐལ་སྦྱར་ཏེ།། སོ་སོར་ཐར་པ་གདོན་པར་བྱས།། གདུལ་བའི
4a4 དོན་དུང་ལས་ཉོན། ། ཐོས་ནས་དྲང་སྲོང་ཆེན་པོ་ཡིས།། ཇི་སྐད་གསུང་བཞིན་བསྒྲུབ་བྱ་ཞིང་།། ཁ་ན་མཐོ་བྲོ་རྣམས་ལ།། རྐུན་ཅིང་བྱེད་པ་ཉིད་དུ་གྱིས།། རྟག་ཏུ་འབད་པར་བདའ་བ་ཡིན།། སེམས
4a5 སྐྱ་སྨན་དཀའ་བ་ལ། ། མཐུན་པ་གཟེར་རྣོན་བརྒྱ་པ་ཡི།། སྲབ་འདི་སོ་སོར་ཐར་འོདི་ཡིན།། ཆེ་བ་གང་དག་ངག་ཙམ་གྱིས།། ལྡོག་ཅིང་མཚམས་ལས་མི་འདའ་བ།། དེ་དག་མི་རྟ་བབང་པོ་སྟེ།
4a6 ཉོན་མོངས་གཡུལ་ལས་ངེས་རྒྱལ་འགྱུར།། སུ་ལ་སྲབ་འདི་མེད་པ་དང་།། ནམ་དུ་ཡང་འདོད་པར་མི་འགྱུར་བ།། དེ་དག་ཉོན་མོངས་གཡུལ་གྱིས་དཀྲུགས།། འཇོག་བྲལ་རྣམ་པར་འཁྱམ་པར་འགྱུར།།
4a7 དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པ་འམ། བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན།། དགེ་འདུན་གྱིས་གནང་བར་མཛོད
iiif viewer powered by OpenSeadragon
3b - 4b