| | e-texts navigator
|
3b1 བྱེད་འདོད་པ། ། སྡོམ་བརྩོན་རྣམས་ཀྱིས་སོ་སོར་ཐར།། མཉན་པའི་ཕྱིར་ནི་འབད་པར་བྱ།། དགེ་སློང་དབང་འདུལ་ཀུན་དབང་པོ།། སངས་རྒྱས་མི་འགྱུར་རབ་བྱུང་བ།། ངེས་པར
3b2 ཐར་པ་འདོད་རྣམས་ཀྱིས། ། སོ་སོར་ཐར་པ་རྟག་ཏུ་སྲུངས།། བསྐལ་པ་བྱེ་བ་རྣམས་སུ་ཡང་།། སོ་སོར་ཐར་པ་ཐོས་པ་དང་།། གཟུང་དང་འཛིན་པ་རྙེད་དཀའ་སྟེ།། སྒྲུབ་པའང་ཤིན་ཏུ་རྙེད
3b3 པར་དཀའ། ། སངས་རྒྱས་རྣམས་ནི་འབྱུང་བ་བདེ།། ཆོས་བསྟན་པ་ཡང་བདེ་བ་ཡིན།། དགེ་འདུན་མཐུན་པ་བདེ་བ་སྟེ།། མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ།། འཕགས་པ་རྣམས་ནི
3b4 མཐོང་བ་བདེ། ། དམ་པ་དག་དང་འགྲོགས་པ་བདེ།། བྱིས་པ་རྣམས་ནི་མ་མཐོང་ན།། རྟག་ཏུ་བདེ་བ་ཉིད་དུ་འགྱུར།། ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ།། མང་དུ་ཐོས་པ་མཐོང་བ་བདེ།། ཡང
3b5 སྲིད་རྣམ་པར་གྲོལ་བ་ཡི། ། དགྲ་བཅོམ་པ་དག་མཐོང་བ་བདེ།། འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ།། ཆོས་ལ་གོམས་པའི་སྐྱེ་བ་བདེ།། ཤེས་རབ་ཐོབ་པར་གྱུར་པ་བདེ།། ང་འོ་ང་རྒྱལ་ཟད་པ་བདེ།། །
3b6 ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག། དགོན་བཞི་པ་རྣམས་སུ་རྒས་གྱུར་དང་།། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ།། ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ།། ཚེ་དང་ལྡན་པ་དག་སོ་ག་རྣམས
3b7 ཀྱི་འདས་པ་དང་། ། ལྷག་མ་ཇི་ཙམ་པ་དེ་ཙམ་མོ།། ཚེ་དང་ལྡན་པ་དག་རྒབ་དང་འཆི་བ་མངོན་པར་འོང་ཞིང་།། སྟོན་པའི་བསྟན་པ་ཡང་འཇིག་པར་འགྱུར་བས། ཚེ་དང་ལྡན་པ་དག་གིས་བག་ཡོད་པས
iiif viewer powered by OpenSeadragon
3a - 4a