e-texts navigator
Collection
Volume
Page
Wylie

3a1 @##། ངེས་པའི་ཆུ་ལོན་ཟམ་པ་ཡིན།། འདི་ནི་ཉོན་མོངས་ཕམ་བྱེད་ལམ།། རྒྱལ་པོ་ཡི་ནི་འདྲེན་པ་མཆོག། འདི་ནི་ཐར་པའི
3a2 གྲོང་འཇུག་པའི། ། ཐེམ་སྐས་གཞི་དང་འདྲ་བར་གནས།། ང་ནི་མྱ་ངན་འདས་གྱུར་ན།། འདི་ནི་ཁྱེད་ཀྱི་སྟོན་པའོ་ཞེས།། རང་འབྱུང་ཉིད་ཀྱིས་གུས
3a3 བཅས་པར། ། ནན་ཏན་དགེ་སློང་ཚོགས་མདུན་བསྟོད།། སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང་།། འཇིག་རྟེན་དག་ན་རབ་ཏུ་དཀོན།། མི་ཉིད་རྙེད་པ
3a4 ཤིན་ཏུ་དཀའ། ། རབ་ཏུ་བྱུང་བ་ཤིན་ཏུ་དཀོན།། དེ་བཞིནི་རབ་ཏུ་བྱུང་རྣམས་ཀྱི།། ཚུལ་ཁྲིམས་ཕུན་སུམ་ཚོགས་རབ་དཀན།། ཚུལ་ཁྲིམས
3a5 ཡོངས་སུ་དག་གྱུར་ཀྱང་། ། གྲོགས་བཟང་ཤིན་ཏུ་རྙེད་པར་དཀའོ།། འཇིག་རྟེན་སངས་རྒྱས་འབྱུང་བ་དང་།། མི་དག་རབ་ཏུ་འབྱུང་བ་དང་།། ཚུལ
3a6 ཁྲིམས་ཕུན་སུམ་ཚོགས་པ་དང་། ། གྲོགས་བཟང་རྙེད་དཀའ་རྙེད་གྱུར་ནས།། མཁས་པ་བདག་ལ་ལེགས་འདོད་ཅིང་།། དེ་དག་འབྲས་བཅས




iiif viewer powered by OpenSeadragon

2b - 3b

Texts on this page

S2 - so sor thar ba'i mdo