| | e-texts navigator
|
29a1 དྲན་ལྡན་པའི། ། སྐྱོབ་པ་མྱ་ངན་མེད་པ་ཡིན།། སྦྱིན་པའི་བསོད་ནམས་རབ་ཏུ་འཕེལ།། ལེགས་བསྡམས་དགྲ་སོགས་མི་འགྱུར་རོ།། དགེ་དང་ལྡན་པས་སྡིག་པ་སྤོང་།
29a2 ཉོན་མོངས་ཟད་པའི་མྱ་ངན་འདས།། སྡིག་པ་ཐམས་ཅད་མི་བྱ་སྟེ།། དགེ་བ་ཕུན་སུམ་ཚོགས་པར་བྱ།། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། ལུས་ཀྱི་སྡོམ་པ་ལེགས།
29a3 པ་སྟེ།། ངག་གི་སྡོམ་པ་ལེགས་པ་ཡིན།། ཡིད་ཀྱི་སྡོམ་པའང་ལེགས་པ་སྟེ།། ཐམས་ཅད་དུ་ནི་སྡོམ་པ་ལེགས།། ཀུན་ཏུ་བསྡོམ་པའི་དགེ་སློང་ནི།། སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ།། ངག
29a4 རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ། ། ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང་།། ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན།། དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར།། སངས་རྒྱས་རྣམ
29a5 གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། ། འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་དང་།། ཤཱཀྱ་ཐུབ་པ་གོའུ་ཏ་མ་ཝཱ་ཡི་ལྷ།། མི་འདུལ་ཁ་ལོ་སྒྱུར་བ་བླ་ན་མེད།། འཇིག་རྟེན་མགོན་པོ་སྐྱོབ་པའི་མཆོག
29a6 སངས་རྒྱས་དཔའ་བོ་བདུན་པོ་དག། གྲགས་ལྡན་རྣམས་ཀྱི་སོ་སོར་ཐར།། འདི་ནི་རབ་ཏུ་རྒྱས་པར་བཏོན།། འདི་ལ་སངས་རྒྱས་རྣམས་དང་གང་།། སངས་རྒྱས་ཉན་ཐོས་རྣམས་ཀྱང་གུས།། འདི་ལ
29a7 གུས་དང་བཅས་གྱུར་པས། ། འདུས་མ་བྱས་པའང་ཐོབ་པར་གྱིས།། བརྩམ་པར་བྱ་ཞིང་འབྱུང་བར་བྱ།། སངས་རྒྱས་བསྟན་ལ་འཇུག་པར་བྱ།། འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན།། འཆི་བདག
iiif viewer powered by OpenSeadragon
28b - 29b