| | e-texts navigator
|
28b1 བཞི་དང་། བསླབ་པའི་ཆོས་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་བཏོན་ཟིན་ཏོ།། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
28b2 རྒྱས་དེའི་མདོར་གཏོགས་ཤིང་། མདོར་བསྡུས་པ་ནི་འདི་དག་གོ།། གང་གཞན་ནས་བྱུང་བ་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་དེ་ཡང་ཁྱེད་རྣམས་འདུམ་པ་དང་། མཐུན་པ་དང་། དགའ་བ་དང་། མི་རྩོད་པར
28b3 སེམས་ཀུན་ཏུ་བསྲུང་བ་དང་། དྲན་པ་དང་། བག་ཡོད་པས་རྣལ་འབྱོར་དུ་བྱའོ།། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི།། མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས།། རབ་ཏུ་བྱུང་བ་གཞན་ལ
28b4 གནོད་པ་དང་། ། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ།། མིག་ལྡན་འགྲོ་བ་ཡོད་པ་ཡིས།། ཉམ་ང་བ་དག་ཇི་བཞིན་དུ།། མཁས་པ་འཚོ་བའི་འཇིག་རྟེན་འདིར།། སྡིག་པ་དག་ནི་ཡོངས་སུ་སྤོང་།།
28b5 སྐུར་པ་མི་གདབ་གནོད་མི་བྱ།། སོ་སོར་ཐར་པའང་བསྡམས་པར་བྱ།། ཟས་ཀྱི་ཚོད་ཀྱང་རིག་པར་བྱ།། བས་མཐའི་གནས་སུ་གནས་པར་བྱ།། ལྷག་པའི་སེམས་ལ་ཡང་དག་སྦྱོར།། འདི་ནི་སངས
28b6 རྒྱས་བསྟན་པ་ཡིན། ། ཇི་ལྟར་བུང་བ་མེ་ཏོག་ལས།། ཁ་དོག་དྲི་ལ་མི་གནོད་པར།། ཁུ་བ་གཞིབས་ནས་འཕུར་བ་ལྟར།། དེ་བཞིན་ཐུབ་པ་གྲོང་དུ་རྒྱུ།། བདག་གི་རིགས་དང་མི་རིགས་ལ།། བརྟག
28b7 པར་བྱས་ཏེ་གཞན་རྣམས་ཀྱི། ། མི་མཐུན་པ་དང་གཞན་དག་གི། བྱས་དང་མ་བྱས་རྣམས་ལ་མིན།། ལྷག་པའི་སེམས་ལ་བག་བྱ་སྟེ།། ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ།། ཉེར་ཞི་རྟག་ཏུ
iiif viewer powered by OpenSeadragon
28a - 29a