| | e-texts navigator
|
27a1 གཏོར་བར་བསླབ་པར་བྱ། ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཆུ་དང་ཟས་དང་འགགས་པ་ཁྱིམ་གཞན་དུ་མི་དབོ་བར་བསླབ་པར་བྱའོ།། ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར
27a2 བར་བསླབ་པར་བྱའོ། ། འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་གཞག་པར་བསླབ་པར་བྱའོ།། གད་ཀ་མ་ཡིན་པ་དང་། གཡང་ས་མ་ཡིན་པ་དང་། རྐན་གཟར་པོ་མ་ཡིན་པར་ལྷུང་བཟེད་གཞག་པ་ལ་བསླབ
27a3 བཔར་བྱའོ། ། འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་བསླབ་པར་བྱ། གད་ཀ་མ་ཡིན་པ་དང་། གཡང་ས་མ་ཡིན་པ་དང་། རྐན་གཟར་པོ་མ་ཡིན་པར་ལྷུང་བཟེད་བཀྲུ་བར་བསླབ་པར་བྱ། འབབ་ཆུ་དྲག་པོའི་རྒྱུན་ལས
27a4 ཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་མི་བཅུ་པར་བསླབ་པར་བྱའོ། ། མི་ན་བར་འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱ།། མི་ན་བར་ཉལ་བ་ལ་འདུག་སྟེ་ཆོས་བཤད་པར་བསླབ་པར་བྱ། མི་ན་བར་སྟན་མཐོན་པོ
27a5 ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། མིན་པར་མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ
27a6 ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ། ། མིན་པར་མགོ་གཡོགས་པ་དང་། བརྫེས་པ་དང་། གཟར་བ་དང་། གཉའ་གོང་དུ་བསྣོལ་བ་དང་། ལྷག་པར་བསྣོལ་བ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ།།
27a7 མིན་བར་སྒྲ་དོ་ཀར་ཅན་དང་། ཞྭ་གྱོན་པ་དང་། མགོ་ཅོད་པན་ཅན་དང་། མགོ་འཕྲེང་བ་ཅན་དང་། མགོ་དཀྲིས་པ་ལ་ཆོ་མི་བཤད་པར་བསླབ་པར་བྱའོ།། མིན་པར་གླང་པོ་ཆེ་ཞོན་པ་དང་། རྟ་ཞོན་པ་དང
iiif viewer powered by OpenSeadragon
26b - 27b