| | e-texts navigator
|
26b1 ལེགས་པར་བྱ་བ་དྲུག། ཙུག་ཙུག་ལ་སོགས་རྣམ་པ་ལྔ།། འབྲུ་ནས་ཐ་དད་བྱེད་པ་ལྔ།། ལག་པ་བལྡག་ལ་སོགས་པ་ལྔ།། ལེགས་པར་ཟས་བཟའ་བ་ལ་བསླབ་པར་བྱའོ།། ཁམ་ཧ་ཅང་ཆུང་བ་མ་ཡིན།
26b2 བ་དང་། ཁམ་ཧ་ཅང་ཆེན་པོ་མ་ཡིན་པ་དང་། ཁམ་རན་པ་དང་། ཁམ་མ་བཟོས་པར་ཁ་མི་གདང་བ་དང་། ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བསླབ་པར་བྱའོ།། ཙུག་ཙུག་མི་བྱ་བ་དང་། ཅག་ཅག་མི་བྱ
26b3 བ་དང་། ཧུ་ཧུ་མི་བྱ་བ་དང་། ཕུ་བུ་མི་བྱ་བ་དང་། ལྕེ་བྱུང་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ།། འབྲུ་ནས་ཐ་དད་དུ་མི་བྱ་བ་དང་། འཕྱས་མི་གདགས་པ་དང་། མཁུར་བ་མི་སྤོ་བ་དང་། རྐན་མེ་ཏོག
26b4 པ་དང་། ཁམ་འཕྲོར་མི་བཅད་པར་ཟས་བཟའ་བ་ལ་བསླབ་པར་བྱའོ།། ལག་པ་མི་བལྡག་པ་དང་། ལྷུང་བཟེད་མི་བྱོག་པ་དང་། ལག་པ་མི་སྤྲུག་པ་དང་། ལྷུང་བཟེད་མི་སྐྱོམ་པ་དང་། མཆོད་རྟེན་འདྲ་བ
26b5 བཅོས་ཏེ་བས་མི་བཟའ་བར་བསླབ་པར་བྱའོ། ། སྡོམ་ལ། འཕྱ་ལ་སོགས་པ་རྣམ་པ་བཞི།། ལྷུང་བཟེད་ལ་ཡང་རྣམ་པ་བཅུ།། འགྲེང་བར་བྱེད་ལ་སོགས་པ་ལྔ།། མགོ་གཡོགས་ལ
26b6 སོགས་རྣམ་པ་ལྔ། ། དོ་ཀེར་ཅན་ལ་སོགས་པ་ལྔ།། གླང་ཆེན་ལ་སོགས་བཞོན་པ་ལྔ།། ལག་ན་འཁར་བ་ལ་སོགས་དྲུག། ན་བ་རྣམ་པ་བཞི་རྣམས་སོ།། དྲུང་ན་འདུག་པའི་དགེ་སློང
26b7 གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟ་བར་བསླབ་པར་བྱའོ། ། ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་བར་བསླབ་པར་བྱ།། དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི
iiif viewer powered by OpenSeadragon
26a - 27a