| | e-texts navigator
|
26a1 ཁྱིམ་གཞན་དག་ཏུ་འགྲོ་བར་བསླབ་པར་བྱའོ། ། མགོ་མི་གཡོག་པ་དང་། མི་བརྫེ་བ་དང་། མི་གཟར་བ་དང་། གཉའ་གོང་དུ་མི་བསྣོལ་བ་དང་། རྟག་པར་མི་བསྣོལ་པར
26a2 ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། ། མི་མཆོང་བ་དང་། མ་བརྐྱང་བ་དང་། ཙོག་པུས་མ་ཡིན་པ་དང་། བྲང་བས་མ་ཡིན་པ་དང་། དཀུར་མི་བརྟེན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར
26a3 བྱའོ། ། ལུས་མི་བསྒྱུར་བ་དང་། ལག་པ་མི་ཀྱོག་པ་དང་། མགོ་མི་བསྒྱུར་བ་དང་། ཕྲག་པ་མི་སྤྲད་པ་དང་། ལག་པ་མི་སྤེལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ།། མ་བསྐོས་པར་ཁྱིམ་གཞན
26a4 དུསྟན་ལ་མི་འདུག་པར་བསླབ་པར་བྱའོ། ། སྟན་ལམ་བརྟགས་པ་དང་། ལུས་ཐམས་ཅད་ཀྱི་ལྕིད་ཀྱིས་མི་དབབ་པ་དང་། རྐང་པ་མི་བསྣོལ་བ་དང་། བརླ་མི་བསྣོལ་བ་དང་། ཕོང་བུའི་སྟེང་དུ་ལོང་བུ་མི
26a5 གཞག་པ་དང་། རྐང་པ་མི་དགུག་པ་དང་། རྐང་པ་མི་གདང་བ་དང་། མདོམས་མི་སྣང་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ།། ལེགས་པར་ཟས་བླང་བར་བསླབ་པར་བྱ། མུ་དང་ཁ
26a6 ད་ཆད་དུ་མ་ཡིན་པ་དང་། ཚོད་མ་དང་མཉམ་པར་མ་ཡིན་མ་དང་། མཐར་ཆགས་སུ་དང་། ལྷུང་བཟེད་ལ་བལྟ་བ་དང་། བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པ་དང་། ཡང་འདོད
26a7 པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དཀབ་པ་དང་། ཚོད་མས་འབྲས་ཆན་མི་དགའ་པ་དང་། བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་མི་གཟུང་བར་བསླབ་པར་བྱའོ།། སྡོམ་ལ། ཟས་ལ
iiif viewer powered by OpenSeadragon
25b - 26b