| | e-texts navigator
|
24a1 ཚད་ནི་འདི་ཡིན་ཏེ། སྲིད་དུ་འདྲེ་བར་གཤེགས་པའི་མཐོའི་མཐོ་བཞི། ཞེང་དུ་མཐོད།། དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ན་སྲུང་བྱེད་དོ།། དགེ་སློང་གིས་དབྱར
24a2 གོས་རས་ཆེན་བྱེད་དུ་འཇུག་ན། ཚད་བཞིན་དུ་བྱེད་དུ་ཆུག་ཅིག། དེ་ལ་དབྱར་གྱི་གོས་རས་ཆེན་གྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐེ་དྲུག། ཞེང་དུ་མཐོ་ཕྱེད་དང་གསུམ་མ།
24a3 དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ན་ལྟུང་བྱེད་དོ།། ཡང་དགེ་སྦྱོང་གང་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་གམ། བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག
24a4 པར་བྱེད་དུ་འཇུག་ན་ལྟུང་བྱེད་དེ། ། དེ་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐེའི་མཐོ་བཅུ།། ཞེང་དུ་མཐོ་དྲུག་སྟེ། དེ་ལ་འདི་ནི་བདེ་བར
24a5 གཤེགས་པའི་ཆོས་གོས་ཀྱི་ཚད་དེ། ། ཚེ་དང་ལྡན་པ་བླདག་གིས་ལྟུང་བྱེད་ཀྱི་ཆོས་དགུ་བཅུ་པོ་དག་བཏོན་ཟིན་ཏོ།། དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ། ཅི་འདི་ལ་ཁྱེད་ཡོངས
24a6 སུ་དག་གམ་ཞེས་དྲིའོ། ། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།། འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན། འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།།
24a7 སྡོམ་ས།། གྲོང་དང་ཁྱིམ་གཞན་ཉིད་དང་ནི།། སློབ་པ་རྣམས་དང་དགོན་པ་ནི།། སངས་རྒྱས་ཕན་པ་གསུངས་པ་ཡིས།། སོ་སོར་བཤགས་པར་བྱ་བར་གསུངས། ཚེ་དང་ལྡན་པ
iiif viewer powered by OpenSeadragon
23b - 24b