e-texts navigator
Collection
Volume
Page
Wylie

23b1 སོ་སོར་ཐར་པའི་མདོ་གདོན་པ་འདོན་པར་ཆ། གུས་པར་བྱས་ཏེ་ཆོས་ཉན་པར་མ་བྱེད། བླ་མར་བྱས་ཏེ་མི་བྱེད། རུ་ཤིང་ལྟར་བྱས་ཏེ་མ་བྱེད། ཡིད་ལ་བྱས་ཏེ་མ་བྱེད། སེམས་རྩེ་གཅིག་ཏུ་བྱས
23b2 མི་བྱེད། རྣ་བ་བླགས་ཏེ་མི་བྱེད། སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་ཉན་པར་མི་བྱེད་པས། ཚེ་དང་ལྡན་པ་ཁྱོད་ཀྱིས་མ་རྙེད་དེ། རྙེད་པ་མ་ཡིན་ཞིང་ཉེས་པ་རྙེད་དེ། ལེགས་པ་རྙེད་པ་མ་ཡིན་ནོ།།
23b3 ཞེས་འགྱོད་པར་བྱའོ།། ཚེ་དང་ལྡན་པ་དེ་ལ་ནི་འགྱོད་པར་བྱ་བ་ནི་དེ་ཡིན་ཏེ་ལྟུང་བྱེད་དོ།། ཡང་དགེ་སློང་གང་བ་སོ་འམ། རུས་པ་འམ། རག་ཁབ་རལ་བྱེད་དམ། བྱེད་དུ་འཇུག་ན་བཅག་ནས་ལྟུང
23b4 བྱེད་དོ། ། ཡང་དགེ་སློང་གང་དགེ་འདུན་གྱི་ཁྲིའམ། ཁྱེའུ་བྱེད་དུ་འཇུག་ན། རྩ་བ་བུ་གར་བཅུག་པ་མ་གཏོགས་པར་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་དུ་བྱེད་དུ་གཞུག་པར་བྱའོ།། དེ་ལས
23b5 ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ། ། ཡང་དགེ་སློང་གང་དགེ་འདུན་གྱི་ཁྲིའམ་ཁྲིའུ་ལ། ཤིང་བལ་བདལ་ལམ། བདལ་དུ་བཅུག་ནས་བསྡུས་ན་ལྟུང་བྱེད་དོ།། དགེ་སློང་གིས
23b6 གདིང་བ་བྱེད་དུ་འཇུག་ན། ཚད་བཞིན་དུ་བྱེད་དུ་ཆུག་ཅིག། དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོད།། ཞིང་དུ་མཐོ་ཕྱེད་དང་དོ།། སྲིད་དུ་མཐོ་གང
23b7 གིས་སྲིངས་ཤིག། དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅང་ན་ལྟུང་བྱེད་དོ།། དགེ་སློང་གིས་གཡན་པ་དགའ་པ་བྱེད་དུ་འཇུག་ན། ཚད་བཞིན་དུ་བྱེད་དུ་ཆུག་ཅིག། དེ་ལ་གཡན་པ་དགབ་པར




iiif viewer powered by OpenSeadragon

23a - 24a

Texts on this page

S2 - so sor thar ba'i mdo