| | e-texts navigator
|
23a1 པར་འགྱུར་བ་འཐུང་ན་ལྟུང་བྱེད་དོ། ། ཡང་དགེ་སློང་གང་དུས་མ་ཡིན་པར་གྲོང་དུ་འཇུག་ཅིག། དགེ་སློང་འདུག་པ་ལ་མི་སྨན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།།
23a2 ། སྡོམ་ལ། ཟས་བཅས་སྐྱ་རངས་དགདོད་དང་།། ཁབ་རལ་དང་ནི་ཁྲི་རྐང་དང་།། བདལ་དང་གདིང་བ་གཡན་པ་དང་།། རས་ཆེན་བདེ་གཤེགས་ཆོས་གོས་སོ།། ཡང
23a3 དགེ་སློང་གང་ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ནས། སྔ་དྲོ་དང་ཕྱི་དྲོ་ཁྱིམ་དག་ཏུ་རྒྱུ་ཞིང་ཁྱིམ་པ་འདུག་པ་ལ་མི་བསྒོ་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་དགེ་སློང་གང་ནམ
23a4 མནངས། སྐྱ་རེངས་མ་ཤར་བར་རིན་པོ་ཆེ་དག་གམ། རིན་པོ་ཆེར་སྨོས་པ་དག་མ་བསྡུས་པར། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་སྒོ་གཏན་ནམ། སྒོ་གཏན་གྱི་ཉེ་འཁོར་ལ་ས་འདའ
23a5 བར་བྱེད་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་དགེ་སློང་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་འདི་ལྟར་ཆོས་འདི་ཡང
23a6 མདོའི་ནང་དུ་གཏོགས། མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ་ཞེས་ཟེར་ན། དེ་ལ་གལ་ཏེ་དགེ་སློང་རྣམས་ཀྱིས་ཀྱང་། ཚེ་དང་ལྡན་པ་འདི་སྔོན་གསོ་སྦྱོང་གི་ལས་གཉིས་སམ་གསུམ
23a7 ཀྱི་ཚེ་འདུག་པར་ཤེས་ཤིང་། ལན་མང་དུ་ལྟ་ཅི་སྨོས་ན། ཚེ་དང་ལྡན་པ་དེ་མི་ཤེས་པས་མི་གྲོལ་བས། དེ་ལྟུང་བ་གང་བྱུང་བ་དེ་ཆོས་བཞིན་དུ་བྱེད་དུ་གཞུག་གི་སྟེང་དུ། ཁྱོད་ཟླ་བ་ཕྱེད་ཕྱེད་ཅིང
iiif viewer powered by OpenSeadragon
22b - 23b