| | e-texts navigator
|
22b1 གིར་བྱེད་ན་ལྟུང་བྱེད་དོ། ། སོ་སོར་མགྲོན་དུ་བོས་པ་དང་། ཡང་དང་ཡང་མགྲོན་དུ་བོས་པ་དང་། དུས་ཀྱིས་མ་གྲོར་དུ་བོས་པ་དང་། རྟག་ཏུ་མགྲོན་དུ་བོས་པ་ནི་མ་གཏོགས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ།།
22b2 ཡང་དགེ་སློང་གང་དགེ་སློང་རྣམས་ཀྱིས། ཚེ་དང་ལྡན་པ་ཁྱོད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་བ་ན། དེ་དག་ལ་འདི་སྐད་ཅེས། བདག་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན
22b3 པ་དང་། མ་མོ་འཛིན་པ་རྣམས་ལ་འདྲིའི་བར་དུ་བྱིས་པ། རྨོངས་པ། མི་གསལ་བ། མི་མཁས་པ། ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་ཟེར་ན་ལྟུང་བྱེད་དོ།། དགེ་སློང་ཀུན་ཤེས
22b4 པར་འདོད་པས་ཀྱང་བསླབ་པ་དེ་ལ་བསླབ་པར་བྱའོ། ། དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་ཡང་དྲི་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ།། ཡང་དགེ་སློང་གང
22b5 དགེ་སློང་རྣམས་དང་འཐབ་པར་འགྱུར། མཚང་འདྲ་བར་འགྱུར། མི་མཐུན་པར་གྱུར། རྩོད་པར་གྱུར་ཅིང་འཁོད་པ་ལས། དགེ་སློང་འདི་དག་ཅི་སྐད་ཟེར་བ་དེ་བདག་གིས་མཉན་ཏེ། དེ་ལྟ་དེ་ལྟར་རྗེས
22b6 སུཐ་སྙད་གདགས་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། ཅང་མི་སྨྲ་བར་ཉན་ནས་འདུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་གང་དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་བྱུང་བ་ན།
22b7 ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་ཞིང་། དགེ་སློང་འདུག་པ་ལ་མི་སྨྲ་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།། གུས་པར་མི་བྱེད་ན་ལྟུང་བྱེད་དོ།། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས
iiif viewer powered by OpenSeadragon
22a - 23a