| | e-texts navigator
|
307b1 འདས་ཐོབ་པ། ། དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས།། བདེན་པ་དེ་ཡིས་འདིར་ནི་དགེ་བར་གོག། ལྟ་བ་འདི་ལ་སྦྱར་མ་ཐག་ཏུ་ནི།། འཇིག་ཚོགས་ལྷ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང་། ཐེ་ཙོམ་དང་ནི་ཉོན་མོངས་གསུམ་པོ་དག། གཅིག་ཆར་སྤངས་ཏེ་འཕགས
307b2 པའི་བདེན་མཐོང་བ། ། དེས་ན་དགེ་འདུན་རིན་ཆེན་མཐོག་ཏུ་གསུངས།། བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག། ལུས་ས་མ་དགག་མ་འོན་ཏེ་ཡིད་ཀྱིས་ཀྱང་།། སྡིག་པ་རྣམ་གསུམ་ནམ་ཡང་མི་བྱེད་ཅིང་།། བློ་བུར་བྱས་ནའང་འཆབ་པར་མི་བྱེད་ལ།། དེ་ལྟར་དེ་ལ་ལྟ་བས་འཛིན
307b3 རི་བྱེད། ། དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས།། བདེན་པ་དེ་ཡིས་འདི་རི་ནི་དགེ་བར་ཤོག། དེ་ལྟར་དབང་པོའི་སྡོང་པོ་སར་བཙུགས་པ།། ཕྱོགས་བཅུའི་དྲུང་རྣམས་ཀྱིས་ནི་མིག་ཡོ་ལྟར།། འཕགས་པའི་ལམ་གྱི་དམ་པ་མཐོང་བ་ཡི།། གང་ཟག་འཕགས་པའི
307b4 དགེ་འདུན་དེ་བཞིན་ནོ། ། དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས།། བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག། ཤེས་རབ་ཟབ་མོས་ཤིན་ཏུ་བསྟན་པ་ཡི།། འཕགས་པའི་བདེན་པ་སུ་དག་རྣམ་སྒོམ་ཞིང་།། ལུས་ཀྱང་སྦྱིན་པར་ཡིད་ལ་བྱས་པས་ནི།། དེ་དག་འཇིགས་པ
307b5 བརྒྱད་དང་ཕྲད་མི་འགྱུར། ། དེབས་དགེ་འདུན་རིན་ཆེན་མཆོག་ཏུགསུངས།། བདེན་པདེ་ཡིས་འདིར་ནི་དགེ་བར་ཤེ། དེ་ལྟར་མནི་རླུང་གིས་རབ་གཏོར་བ།། ལག་ཏུ་བླངས་ཏེ་བ་གང་དུ་མེད་པ་ཉིད།། དེ་ལྟར་ཅན་དུ་སྟོར་བ་ད་བཏང་བའི།། སངས་རྒྱས་བྱས་རྣམས་པཏད
307b6 མེད་པཔ་མོ། ། དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས།། བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག། སེམས་ཅན་གང་དག་གྲོ་དང་མི་འཐོབ། དེ་དག་ཐམས་ཅད་འདིར་ནི་དགེ་བར་ཤོག། སྐྱོན་མཆོག་དམ་པསྐུམ
307b7 མཆོད་འོས་པ། ། སངས་རྒྱས་ཕྱག་འཚལ་དང་འདིར་བདེ་ལེགས་ཤོག། སེམས་ཅན་གང་དག་འགྲོ་དང་མི་འགྲོབ།། དེ་དག་ཐམས་ཅད་འདིར་ནི་དགེ་བར་ཤོག། ནིབ་ཆགས་བྲལ་ལྷ་མིས་མཆོད་འོས་པ།། ཆོས་ལ་ཕྱག་འཚལ་དང་འདིར་བདེ་ལེགས་ཤེག། སེམས
307b8 ཅན་གང་དག་འགྲོ་དང་མི་འཐོབ། ། དེ་དག་ཐམས་ཅད་འདིར་ནི་བདེར་གྱུར་ཅིག། ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། དགེ་འདུན་ཕྱག་འཚལ་དིང་འདིར་དགེ་བར་ཤོག། འབྱུང་པོ་གང་དག་འདིར་ནི་ལྕགས་གྱུར་ཏེ།། ས་འམ་འོན་ཉེ་བར་སྣང་འཁོད་པ་དག་སྐྱེ
iiif viewer powered by OpenSeadragon
307a - 308a