e-texts navigator
Collection
Volume
Page
Wylie

301a1 xxx། xxx
301a2 xxx། xxx
301a3 མནར་མེད་པའི། ། ཚེར་ཐཐམས་ཅད་བདག་གིས་མྱོང་བར་བྱུང་།། བཞས་པ་དུམ་བདག་ནི་སློབ་པཅི།། འགྲོ་བཐམས་ཅད་མྱ་ན་མེད་པང་ཤོག། སེམས་དམྱལ་གཤིནི་རྡོའི་འདིག་རྟེན་དྲུག་བསྔལ་དང་།། དྲ་འགྲོའི་གནས་རྣམས་པའི་བྲེག་བསྔལ་དང་།
301a4 བའི་སྡུག་བསྔལ་ཕུང་པོ་མཐའ་ཡས་དང་།། བདག་ལ་བ་འགྱུར་འགྲོ་བ་བདེ་བར་ཤོག། རྒྱལ་བ་རྣམས་ཀྱི་ཞིང་ནི་རྣམ་དག་དང་།། སེམས་ཅན་རྣམ་དག་ཡེ་ཤེས་རྣམ་དག་དང་།། རྒྱལ་བ་རྣམས་ཀྱི་སྨོན་ལམ་མཐའ་ཡས་གང་། སྨོན་ལམ་དེ་ཀུན་བདག་ལ་གྲུབ་པར་ཤོག
301a5 བདག་གི་སྨོན་ལམ་ཉམས་པར་མ་གྱུར་ཅིག། བདག་ནི་ནམས་ཀྱང་སྐྱོ་བར་མི་འགྱུར་ཤོག། བྱང་ཆུབ་མཆོག་ནི་བདག་གིས་ཐོབ་པར་དུ།། བསྐལ་པ་དུ་མར་བདག་ནི་སྤྲོ་བར་ཤོག། མཆོག་གི་སྤྱོད་པའི་སྨོན་ལམ། རྫོགས་སྷོ།། །
301a6 རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་བར་མ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་བོ།། ། #།། མར་མེའི་ལོ་རྒྱས་དང་སྨོན་ལམ་གྱི་མདོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། སྔོན་སངས་རྒྱས་མར་མ
301a7 མཛད་ཀྱིས་སྟོན་པ་མཛད་པའི་དུས་ན། རྒྱལ་པོ་གསེར་གྱི་ལག་པ་ཞེས་བྱ་བས། བཅོམ་ལྡན་འདས་མར་མེ་མཛད་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་ཁྱོད་སྔོན་གྱི་དུས་ན་དགེ་བའི་རྩབ་ཅི་ཞིག་སྤྱད་ན་ད་ལྟར་མཚན་དང་དཔེ་བྱད་དུ་ལྡན་ཏེ།། སྐུ་ལས་འོད་ཟེར
301a8 མཐའ་ཡས་པ་འབྱུང་བའི་རྒྱུ་གང་ལགས། རྐྱེན་གང་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཉོན་ཅིག། ངས་སོ་སོའི་སྐྱེ་བོའི་དུས་ན་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ལུས་ལ་རས་བལ་གྱི་ཡེའུ




iiif viewer powered by OpenSeadragon

300b - 301b

Texts on this page

Q1040 - mchog gi spyod pa'i smon lam
Q1041 - rgyal po gser gyi lag pa'i mar me'i lo rgyus dang smon lam gyi mdo