e-texts navigator
Collection
Volume
Page
Wylie

4b1 པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། ། ཡང་དགེ་སློང་མ་གང་དགེ་སློང་གི་དགེ་འདུན་འཐུན་པས་དགེ་སློང་གང་ལ་གནས་ནས་དབྱུང་བའི་ལས་བྱས་ཏེ་དགེ་སློང་མའི་དགེ་འདུན་འཐུན་པས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན།
4b2 སྐྲ་འགྲེ་པར་གྱུར། སྒྲ་འཕྱར་བར་གྱུར་ཅིང་། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་བྱེད། འབྱུང་བར་བསྐྱོད། མཚུངས་པ་ཉེ་བར་སྟོན་ལ། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པར་གསོལ་བར་ཤེས་བཞིན་དུ་དེ་ལ་འདི་སྐད་ཅེས། འཕགས་པ
4b3 སྣོད་སུ་འགྲེང་བར་གྱུར། སྒྲ་འཕྱར་བར་གྱུར་ཅིང་། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་བསྐྱོད་ཅིག། མཚུངས་པ་ཉེ་བར་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པར་གསོལ་བར་མ་བྱེད་ཅིག། བདག
4b4 གིས་འཕགས་པ་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ཀླག་པ་དང་། ཁ་ཏོན་བྱ་བ་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། འཕགས་པ་ལ་ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར
4b5 བྱའོ་ཞེས་ཟེར་ན་དགེ་སློང་མ་དོ་ལ་དགེ་སློང་མ་རྣམས་ཀྱིས་འདི་གད་ཅེས་འཕགས་མ་ཁྱོད་དགེ་སློང་གི་དགེ་འདུན་འཐུན་པས་དགེ་སློང་གང་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་དེ། དགེ་སློང་མའི་དགེ་འདུན་འཐུན་པས་ཕྱག་བྱ་བའི་འོས
4b6 མ་ཡིན་པའི་སྡོམ་པ་བྱིན་པ། སྐྲའགྲེང་བར་གྱུར། སྒྲ་འཕྱར་བར་གྱུར་ཅིང་། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་བྱེད། འབྱུང་བར་བསྐྱོད། མཚུངས་པ་ཉེ་བར་སྟོན་ལ། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པར་གསོལ་བར་ཤེས་བཞིན་དུ་དེ
4b7 ལ་འདི་སྐད་ཅེས་འཕགས་པ་ཁྱོད་སྐྲ་འགྲེང་བར་འགྱུར། སྒྲ་འཕྱར་བར་གྱུར་ཅིང་། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་བསྐྱོད་ཅིང་། མཚུངས་པ་ཉེ་བར་མི་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པར
4b8 གསོལ་བར་མ་བྱེད་ཅིང་། བདག་གིས་འཕགས་པ་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ཀླག་པ་དང་། ཁ་ཏོན་བྱ་བ་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། འཕགས་པ་ལ་ཅི་དང་ཅིས་བྲེལ་བ་དེ་དང




iiif viewer powered by OpenSeadragon

4a - 5a

Texts on this page

Q1033 - dge slong ma'i so sor thar ba'i mdo