e-texts navigator
Collection
Volume
Page
Wylie

4a1 བསྔགས་པ་བརྗོད་དེ། དེ་ཡང་རྩོམ་པ་ངས་དུས་བྱས་ན་དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།། ཡང་དགེ་སློང་མ་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ་མིའི་ཆོས་བླ་མ་མཐལ།
4a2 དང་། འཕགས་པ་དང་། བྱེ་བྲག་ཐོབ་པ་དང་། ཤེས་པ་དང་། མཐོང་བ་དང་། རེག་པར་སྤྱོད་པ་མེད་ལ། མེད་བཞིན་དུ་འདི་ཤེས་སོ།། འདི་མཐོང་ངོ་ཞེས་ལས་འཆེས་པ་ལས་དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས་དུས
4a3 གཞན་ཞིག་ན་དྲིས་ཀྱང་རུང་འདི་སྐད་ཅེས། འཕགས་མ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས། མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ། གསོག་གསོབ་བརྫུན་དུ་སྨྲས་སོ་ཞེས་ཟེར་ན་མངོན་པའི་ང་རྒྱལ་མ་གཏོགས་ཏེ་དགེ
4a4 སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། ། ཡང་དགེ་སློང་མ་གར་ཆགས་པར་གྱུར་པས་སྐྱེས་པ་ཆགས་པར་གྱུར་པ་དང་ལྷན་ཅིག་མིག་མན་ཆད་པུས་མོ་ཡན་ཆད་ཀྱི་བར་དུ་སྤྲད། ཀུན་དུ་སྤྲད་པ་ཉམས
4a5 སུ་མྱོ་དབང་བྱེད་ན་དགེ་སློང་མ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། ། ཡང་དགེ་སློང་མ་གང་ཆགས་པར་གྱུར་པས་སྐྱེས་པ་ཆགས་པ་ལྷན་ཅིག་གཞོག་སྟེགས་དང་། འཆར་གཡེད་དང་། ཙ་བ་ཧྲལ་དང་། ཡུལ
4a6 ཕྱོགས་དང་། བརྡའ་དང་། མཚན་མ་དང་། སྐྱེས་པ་འོང་བ་དང་འགྲོ་བ་བདག་གིར་བྱེད་པ་དང་། གང་དུ་སྐྱེས་པས་བུ་དེ་མེད་བགྲོད་ཏུ་རུ་པ་དེ་ལྟ་བུའི་ཕྱོགས་སུ་ལུས་བཀན་པ་གཞི་བརྒྱད་པོའི་གནས་འདི་ལྟ་བུ་དགེ་སློང་མས་བྱས
4a7 ག་དགེ་སློངས་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། ། ཡང་དགེ་སློང་མ་གང་དགེ་སློང་མ་ཞིག་ལ་ཕམ་པར་འགྱུར་བ་བྱུང་བ་ཤེས་བཞིན་དུ་འཆབ་པར་བྱེད་ཅིང་གང་གི་ཚེ་དེ་ཉམས་སམ། ཤིའམ།
4a8 འཁྱམས་སམ། ཡུལ་འཁོར་གཞན་དང་ཡུལ་གཞན་དུ་བྲོས་པར་གྱུར་པ་དེའི་ཚེ་འདི་སྐད་ཅེས། འཕགས་མ་དག་བདག་གིས་དགེ་སློང་མ་དེ་ལ་ཇི་ལྟར་ཕམ་པར་གྱུར་པ་བྱུང་བར་སྔ་ནས་ཤེས་སོ་ཞེས་ཟེར་ན། དགེ་སློང་མ་དེ་ཡང་ཕམ




iiif viewer powered by OpenSeadragon

3b - 4b

Texts on this page

Q1033 - dge slong ma'i so sor thar ba'i mdo