| | e-texts navigator
|
2b1 བྱིས་པ་རྣམས་ནི་མ་མཐོང་ན།། རྟག་ཏུ་བདེ་བ་ཉིད་དུ་འགྱུར།། ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ།། མང་དུ་ཐོས་པ་མཐོང་བ་བདེ།། ཡང་སྲིད་རྣམ་པར་གྲོལ་བ་ཡི།། དགྲ་བཅོམ་པ་དག་མཐོང་བ་བདེ།། འཇུག་དོགས་བདེ་བའི་ཆུ་ཀླུང
2b2 བདེ། ། ཆོས་ལ་གོམས་པའི་སྐྱེ་བོ་བདེ།། ཤེས་རབ་ཐོབ་པར་གྱུར་པ་བདེ།། ངའོང་རྒྱལ་ཟད་པ་བདེ།། ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག། དགོན་པ་ཞི་པ་རྣམས་སུ་ནས་གྱུར་དང་།། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ་ཁང་ཚོ་ཡོལ
2b3 བ་རྣམས་ཀྱི་གན་ར་བ་བདེ། ། འཕགས་མ་དག་སོག་རྣམས་ཀྱི་འདས་པ་དང་། ལྷག་མ་ཇི་ཙམ་པ་དེ་ཙམ་མོ།། འཕགས་མ་དག་རྒ་བ་དང་། འཆི་བ་མངོན་པར་འོང་ཞིང་སྟོན་པའི་བསྟན་པ་ཡང་འཇིག་པར་འགྱུར།། ཆོས་ཀྱང་རབ་ཀྱང་།
2b4 འཇིག་པར་འགྱུར། ཆོས་ཀྱི་ཤིང་ལྗོན་པའང་འཆག་པར་འགྱུར།། ཆོས་ཀྱི་འཁོར་ལོ་ཡང་ཉམས་པར་འགྱུར།། ཆོས་ཀྱི་སྒྲོན་མ་ཡང་འཆི་བར་འགྱུར།། ཆོས་ཀྱི་རྒྱ་མཚོ་ཡང་སྐམས་པར་འགྱུར་ལ།། མ་རིག་པའི་མུན་ནག་ནི་མཐུ་ཆེ་བར
2b5 འགྱུར། ། སྒྲུབ་པར་བྱེད་པ་ནི་ཡོངས་སུ་ཉམས་པར་འགྱུར་ཏེ།། སྒྲུབ་པ་པོ་དག་མེད་ན་ཡུན་མི་རིང་བར་འཇིག་རྟེན་འདི་ན་སྣང་བ་མེད་པར་འགྱུར་བས་དེའི་ཕྱིར་འཕགས་མ་དག་བག་ཡོད་པས་རྣལ་འབྱོར་དུ་བྱའོ།། དེ་བཞིན
2b6 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་འཐུན་པ་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་བག་ཡོད་པས་འཐོབ་བོ།། བཅོམ་ལྡན་འདས
2b7 ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དོན་ཉུང་བ་བྱ་བ་ཉུང་བ་ཡིན་པས་དགེ་འདུན་ཐོག་མར་བྱ་བ་ཅི་ཡོད། འཕགས་མ་དག་མ་ལྷགས་པ་རྣམས་ལ་འདུལ་བ་དང་ཡོངས་སུ་དག་པ་དྲིས་ཤིག། དྲིས་ནས་ཀྱང་བརྗོད་པར་བྱའོ།། ཤཱཀྱ་སེང་གེ་དེ་ལ
2b8 ནི། ། སེན་མོ་བཅུ་ཡིས་ཐལ་སྦྱར་ནས།། སོ་སོར་ཐར་པ་གདོན་པར་བྱ།། གདུལ་བའི་དོན་དུ་ད་ལས་ཉོན།། ཐོས་ནས་དྲང་སྲོང་ཆེན་པོ་ཡིས།། ཇི་སྐད་གསུངས་བཞིན་བསྒྲུབ་བྱ་ཞིང་།། ཁ་ན་མ་ཐོ་ཕྲ་རྣམས་ལ།། བརྟུན་ཅིང་བྱེད་པ
iiif viewer powered by OpenSeadragon
2a - 3a