e-texts navigator
Collection
Volume
Page
Wylie

2a1 ཐར་པ་འདི་ཡིན་ནོ། ། འདི་ནི་དམ་ཆོས་རྒྱལ་པོ་ཡི།། ཆོས་ཀུན་གྱི་ནི་འདྲེན་པ་མཆོག། འདི་ནི་དགེ་སློང་ཚོད་ཚོགས་ཀྱི།། བསླབཟོང་ཚོང་ཁང་ཆེན་པོ་ཡིན།། ཚུལ་ཁྲིམས་འཆལ་བས་ཟིན་རྣམས་ཀྱི།། གདུག།
2a2 པ་རྣམ་སེལ་སྨན་འདི་ཡིན།། འདི་ནི་ལང་ཚེ་རྣམ་འཁྲུལ་པའི།། རྐང་གཉིས་གཞོན་ནུའི་ལྕགས་ཀྱུ་ཡིན།། མཚོ་བས་ཟབ་པའི་འཁོར་བ་ལས།། སྒྲོལ་བའི་རྒལ་ཐབས་འདི་ཡིན་ཏེ།། འདི་ནི་བཟང་འཐོར་འགྲོ་བ་ཡི།། དེས་པའི་ཆུ་ལོན
2a3 ཟམ་པ་ཡིན། ། འདི་ནི་ཉོན་མོངས་པ་མ་བྱེད་ལམ།། རྒྱལ་པོ་ཡི་ནི་འདྲེན་པ་མཆོག། འདི་ནི་ཐར་པའི་གྲོར་འཇུག་པའི།། ཐེམ་སྐས་གཞི་དང་འདྲ་བར་གནས།། དེ་ནི་མྱ་ངན་འདས་གྱུར་ནས།། འདི་ནི་ཁྱེད་ཀྱི་སྟོན་པའོ་ཞེས།། རང་བྱུང་ཉིད
2a4 ཀྱིས་བུས་བཅས་པར། ། ནན་ཏན་དགེ་སློང་ཚོགས་མདུན་བསྟོད།། སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང་།། འཇིག་རྟེན་དག་ན་རབ་ཏུ་དཀོན།། མི་ཉིད་རྙེད་པ་ཤིན་ཏུ་དཀོན།། རབ་ཏུ་འབྱུང་བ་ཤིན་ཏུ་དཀོན།། དེ་བཞིན་རབ་ཏུ་བྱུང་རྣམས་ཀྱི།།
2a5 ཚུལ་ཁྲིམས་ཕུན་སུམ་ཚོགས་རབ་དཀོན།། ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང་།། གྲོགས་བཟང་ཤིན་ཏུ་རྙེད་པར་དཀའ།། འཇིག་རྟེན་སངས་རྒྱས་འབྱུང་བ་དང་།། མི་དང་རབ་ཏུ་འབྱུང་བ་དང་།། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་།
2a6 ཐོགས་བཟང་རྙེད་དཀའ་རྙེད་གྱུར་ནས།། མཁས་པ་བདག་ལ་ལེགས་འདོད་ཅིང་།། དེ་དག་འབྲས་བཅས་བྱེད་འདོད་པས།། སྡོམ་བརྩོན་རྣམས་ཀྱིས་སོ་སོར་ཐར།། མཉན་པའི་ཕྱིར་ནི་འབད་པར་བྱ།། དགེ་སློང་དབང་དུལ་ཀུན་དབང་པོ།།
2a7 སངས་རྒྱས་མི་འགྱུར་རབ་བྱུང་བ།། ངེས་པར་ཐར་པ་འདོད་རྣམས་ཀྱི།། སོ་སོར་ཐར་པ་རྟག་ཏུ་བསྲུངས།། བསྐལ་པ་བྱེ་བ་རྣམས་སུ་ཡང་།། སོ་སོར་ཐར་པ་ཐོས་པ་དང་།། གཟུང་དང་འཛིན་པ་རྙེད་དཀའ་ཞིང་།། སྒྲུབ་པའང་ཤིན་ཏུ་རྙེད
2a8 པར་དཀའ། ། སངས་རྒྱས་རྣམས་ནི་འབྱུང་བ་བདེ།། ཆོས་བསྟན་པ་ཡང་བདེ་བ་ཡིན།། དགེ་འདུན་འཐུན་པ་བདེ་བ་སྟེ།། འཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ།། འཕགས་པ་རྣམས་ནི་མཐོང་བ་བདེ།། དམ་པ་དག་དང་འགྲོགས་པ་བདེ།།




iiif viewer powered by OpenSeadragon

1b - 2b

Texts on this page

Q1033 - dge slong ma'i so sor thar ba'i mdo