e-texts navigator
Collection
Volume
Page
Wylie

289b1 བཟའ་བརྐྱང་དགེ་འདུན་ལྷག་མ་ཉི་ཤུ་དང་། དེ་བཞིན་སྤང་བ་སུམ་བཅུ་རྩ་གསུམ་དང་། གཞན་ཡང་ལྟུང་བྱེད་བརྒྱན་བརྒྱད་བཅུ་དང་།། སོ་སོར་བཤགས་པར་བྱ་བ་བཅུ་གཅིག་ནི།། བསླབ་པ་ཡི་ནི་ཕྲེང་བ་ལྷག་པ་སྟེ། ཞི་བར་བྱེད་པ་དེ།
289b2 སྲེད་པ་དང་མཐུན། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ཡི།། མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང་།། རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་།། གཞན་ལ་མཚེ་བ་དགེ་སྦྱོང་མ་ཡིན་ནོ།། མིག་ལྡན་ཕ་རོལ་གནོན་ཡོད་ན། ཉམ་ང་བ
289b3 དག་ཇི་བཞིན་དུ། ། མཁས་པས་འཚོ་བའི་འཇིག་རྟེན་འདིར། སྡིག་པ་དག་ནི་ཡོངས་སུ་སྤོང་།། སྐུར་བ་མི་གདབ་གནོད་མི་བྱ།། སོ་སོར་ཐར་པ་འང་བསྡམ་པར་བྱ།། ཟས་ཀྱི་ཚོད་ཀྱང་རིག་པར་བྱ།། རབ་མཐའི་གནས་སུ་གནས་པར་བྱ།། ལྷག་པའི་སེམས
289b4 ལ་ཡང་དག་སྦྱོར། ། འདི་ནི་སངས་རྒྱས་བསྟན་པ་ཡིན།། ཇི་ལྟར་བུད་པ་མེ་ཏོག་ལས།། ཁ་དོག་དྲི་ལ་མི་གནོད་པར།། ཁུ་བ་བཞིབས་ནས་འཕུར་བ་ལྟར།། དེ་བཞིན་ཐུབ་པ་གྲོང་དུ་རྒྱུ།། བདག་གི་རིགས་དང་མི་རིགས་ལ།། བརྟག་པར་བྱ་སྟེ་གཞན་རྣམ
289b5 པི་མཐུན་པ་དང་གཞན་རྣམས་ཀྱི། ། ། བྱས་དང་མ་བྱས་རྣམས་ལ་མིན།། ལྷག་པའི་སེམས་ལ་བག་བྱ་སྟེ།། ཐུབ་པའི་ཐུབ་བཞི་རྣམས་ལ་བསླབ།། ཉེར་ཞི་རྟག་ཏུ་དྲན་ལྡན་པ།། སྐྱོབ་པ་མྱ་ངན་མེད་པ་ཡིན།། སྦྱིན་པས་བསོད་ནམས་རབ་ཏུ
289b6 འཕེལ། ལེགས་པ་སྡམས་དགྲ་སོགས་མི་འགྱུར་རོ།། དགེ་དང་ལྡན་པས་སྡིག་པ་སྤོང།། ཉོན་མོངས་ཟད་པས་མྱ་ངནས་འདའ།། སྡིག་པ་ཐམས་ཅད་མི་བྱ་སྟེ།། དགེ་བ་ཕུན་སུམ་ཚོགས་པར་བྱ།། རང་གི་སེམས་ནི་ཡོངས་སུ་གདུལ
289b7 འདི་ནི་སངས་རྒྱས་བསྟན་པ་ཡིན། ། ལུས་ཀྱི་སྡོམ་པ་ལེགས་པ་ལ་ཤ་སྟེ།། ངག་གི་སྡུམ་པ་ལེགས་པ་ཡིན།། ཡིད་ཀྱི་སྡུམ་པའང་ལེགས་པ་སྟེ།། ཐམས་ཅད་དུ་ནི་སྡོམ་པ་ལགས།། ཅན་ཏུ་བསྡམས་པའི་དགེ
289b8 སློང་ནི། ། དྲུག་བསྔལ་ཀུན་ལས་རབ་ཏུ་གྲོལ།། དག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་སྟེ།། ལུས་ཀྱིས་མི་དག་བདག་མི་བྱེད་ཅིང་།། ལས་ལམ་གསུམ་པོ




iiif viewer powered by OpenSeadragon

289a - 290a

Texts on this page

Q1034 - dge slong ma'i 'dul ba rnam par 'byed pa