e-texts navigator
Collection
Volume
Page
Wylie

286b1 མིན་པ་ལ་ཆོས་བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་དག་གིས་མདུན་དུ་འགྲོ་བ་ལ་དའི་ཕྱི་བཞིན་འབྲང་ཞིང་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིན་བལ་ཆོས་བཤད་པར་མི་བྱའོ།
286b2 ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲེང་ནས་མིན་པར་འདུག་པ་ལ་ཆོས་བཤད་པར་མི་བྱ་སྟེ།
286b3 འདུག་པ་ལ་མ་ཡིན་པ་དང་། ཉལ་བ་ལ་མ་ཡིན་པ་དང་། སྟན་དམའ་ལ་འདུག་སྟེ་སྟན་མཐོན་པོ་ལ་འདུག་པ་མ་ཡིན་པ་དང་། མདུན་དུ་འགྲོ་བ་ལ་དེའི་ཕྱི་བཞིན་འབྲང་ཞིང་མ་ཡིན་པ་དང་། མི་ན་བར་ལམ་དུ་འགྲོ་བ་ལ་ལམ་གྱི
286b4 འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ། ། དེ་ནས་བཅུ་གཉིས་སྡེ་དག་མགོ་གཡོགས་པ་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས
286b5 བྱ་བའི་བར་རོ། ། ཇི་ཙམ་ན་མགི་ནད་ཅན་དག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་ནད་ཅན་ལ་ཆོས་བཤད་པར་བྱའོ།། དེ་བཞིན་དུ་བརྗེས་པ་ལ་བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་ལས
286b6 མི་དག་འོངས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་གཟར་བའི་བར་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིན་བལ་ཆོས་བཤད་པར
286b7 མི་བྱའོ་ཞེས་བྱ་བའི་བར་རོ། ། རྟ་གང་བྱེད་པའི་བར་དག་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བལ་ཆོས་བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། གཉའ་གོང་དུ་བསྣོལ་བར་དག་ལ་ཆོས་འཆད་པར་བྱེད་པ་ནས
286b8 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་བྱ་བའི་བ.རོ།། ཇི་ཙམ་ན་གཉའ་གོང་དུ་བསྣོལ་བའི་བར་དག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིན་བར་མགོ་གཡོགས་པ་ལ་ཆོས་བཤད་པར་མི་བྱ་སྟེ། བརྗེས་པ་ལ་མ་ཡིན




iiif viewer powered by OpenSeadragon

286a - 287a

Texts on this page

Q1034 - dge slong ma'i 'dul ba rnam par 'byed pa