e-texts navigator
Collection
Volume
Page
Wylie

26b1 ཤིང་བསགས་པ་དག་ཡིན་ཏེ། བུས་ཀྱང་ཕ་དང་མ་རྙེད་པར་འགྱུར་བའི་ལས་དག་བྱས་ཤིང་བསགས་པ་ཡིན།། མ་ཡང་རུང་ཞིང་ཟླ་མཚན་དང་ལྡན་པ་ཡིན།། ཕ་མ་གཉིས་ཆགས་པར་འགྱུར་ཅིང་འདུས་པ་ཡིན། དྲི་ཟ་ཡང་ཉེ་བར་གནས་པ་ཡིན། དྲི་ཟས་ཀྱང་སེམས
26b2 གཉིས་པོ་རྗེས་སུ་ཆགས་པ་དང་ལྡན་པ་འམ། ཁོང་ཁྲོ་བ་དང་ལྡན་པ་གང་ཡང་རུང་བའི་སེམས་རབ་ཏུ་ཐོབ་པ་སྟེ། གནས་དྲུག་པོ་འདི་དག་མངོན་དུ་གྱུར་པ་ལས་བུ་དང་བུ་མོ་དག་སྐྱེ་བ་ཡིན་ནོ།། དེ་དེ་ལྟར་ལྷ་བརྒྱ་སྟོང་ལ་གསོལ་བ་འདེབས་པ་ལྷུར་ལེན་ཅིང
26b3 འདུག་པ་ལས་བུ་ཡང་མེད། བུ་མོ་ཡང་མེད། ནས་དེ་སྟེང་གི་ཁང་བཟངས་ཀྱི་སྟེང་དུ་སོང་སྟེ། ལག་པ་ལ་འགྲམ་པ་གཏད་ནས། བདག་གི་ཁྱིམ་གྱི་འབྱོར་བ་རྒྱ་ཆེན་པོ་འདི་ལྟ་བུ་ནི་བུ་མེད་པའི་ཕྱིར་བླར་བཞེས་པར་འོང་ངོ་ཞེས་སེམས་ཁོངས་སུ་ཆུད
26b4 ཅིང་འདུག་གོ། དེ་ནས་དེའི་དྲུང་དུ་ཉེ་དུ་རྣམས་ལྷགས་ཏེ་འདི་སྐད་ཅེས་སྨྲས་སོ།། ནྱ་གྲོ་དྷཱ་ཁྱོད་ཅིའི་ཕྱིར་ཡིད་མི་བདེ་ཞིང་འདུག་གོ།། དེས་སྐབས་དེ་ཉེ་དུ་རྣམས་ལ་རྒྱ་ཆེར་སྨྲས་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ལྷ་རྣམས་དང་།
26b5 འཇུག་དོགས་དག་ལ་སྟེན་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། སྔར་ལྷ་འམ་འཇུག་དོགས་གང་ལ་མ་སྟེན་པ་དེ་ཡང་མེད་ན། འོན་ཀྱང་བདག་ལ་བུ་འམ་བུ་མོ་ཡང་མེད་དོ།། དེ་ནས་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྔ་བཅུ་གྲོ་དྷཱའི་མ་འོངས་ནས་འདི་སྐད
26b6 ས་སྨྲས་སོ། ། ཅརྒྱ་མོ་ཁྱོད་རྫིསྟེ་ཡིད་མི་བར། དེས་འདི་སྐད་ཅེས་སྨྲས་སོ།། ཡུམ་ཅི་བདག་གི་ཡིད་མི་བདེ་བ་ཆུད་དམ། བདག་གི་ཁྱིམ་གྱི་ཡོ་བྱེད་དེ་རྒྱ་ཆེན་པོ་འདི་ལྟ་བུ་མེད་པའི་ཕྱིར་ཐར་བརྣས་པར་འགྱུར་རོ།།
26b7 སན་ཤིང་སལ་ཆེན་པོ་སྟ་ཊ་ནྱ་ཀྲོ་དྷའི་བསྐྱེད་མོས་ཚལ་ན་སྣུན་ཤིང་ནྱ་ཟོན་ཆེན་པོ་ཡལ་ག་དང་། མག་སྔགས་དང་། འདབ་མ་དང་། ལོ་མ་ཟན་སུམ་ཚོགས་ཤིང་། འདུབས་རྒྱ་ཚལ་ཡལ་ག་གསར་ཟ་བཞིག
26b8 ཡོད་དེ། དེའི་མིང་གི་གྲོང་ཁྱེར་ནྱ་གྲེནྡ་ཅན་ཞེས་བྱ་བར་ཤེས་སོ།། མས་དེ་ལ་སྨྲས་པ། བུ་ཁྱོད་ཀྱི་པ་ཡང་བུ་མེད་པར་གྱུར་ནས་དེས་ཀྱང་ལྷ་བརྒྱ་སྟོང་དུ་མ་ལ་བུའི་ཕྱིར་གསོལ་བ་བཏབ་པོ་འོན་ཀྱང་དེ་ལ




iiif viewer powered by OpenSeadragon

26a - 27a

Texts on this page

Q1034 - dge slong ma'i 'dul ba rnam par 'byed pa