| | e-texts navigator
|
26a1 ཤིང་ན་མོ་ཏ་ཅནན་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་ཊ། ནྱ་ཀྲོ་དྠ་ཞེས་བྱ་བ་དྲུག་པ། ནར་མང་པ། ལངས་སྤྱད་ཆབ། ཡོངས་སུ་བཟུང་བ་སངས་ཤིང་རྒྱ་ཆག་རྣམ་ཐས་ཀྱི་བྲང་ནོ་དང་ལྡན་པ། རྣམ་ཐས་ཀྱི་བན་དང་ལྡན
26a2 བ་ཞིག་གནས་སོ། ། དེ་ལ་བྲན་གྲོང་བཅུ་དྲུག་དང་། ལས་ཀྱི་མཐའ་བའི་གྲོང་སུམ་བཅུ་དང་། སྐྱེད་སྐུར་བའི་གྲོང་དྲུག་བརྡ་དང་། རྨོན་པ་དོར་དགུ་བརྒྱ་དགུ་བཅུ་རྩ་དགྲ་དང་། གསེར་བྱེ་བ་དྲུག་བཅུ་དང་། གང་དག་གིས་རྒྱལ་པོ་པད་མ་ཆེན་པོ་ཐུབ
26a3 བཇིགསར་རྩེ་ནས་ཀྱང་བརྒྱད་ཅུ་ཡོད་དོ། ། དེས་རིགས་མཉམ་པ་ལས་ཆུང་མཐུངས་ནས། དེ་དེ་དང་སྟན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མཐར་སྤྱོད་པར་བྱེད་དོ།། དེ་ལ་བུ་ཡང་མེད་བུ་མ་ཡང་མེད་ནས། དྲ་བྱེར་སྣ་བརྒྱདང་དུམ་ས
26a4 གསོལ་བ་འདེབས་ཏེ། འདི་ལྟ་སྟེ། ཚངས་པ་དང་། དབང་པོ་དང་། ཉེ་དབང་དང་། གཤིན་རྗེ་དང་། ཉི་མ་དང་། ཁྱབ་འཇུག་དང་། དབང་བདག་དང་། ས་ག་དང་། ལས་ཐམས་ཅད་པ་དང་། ཐ་སྐར་དང་། སའི་ལྷ་དང་། ཀླུ་དང་། ཆུ་ལྷ་དང་། མེ་ལྷ་དང་། རླུང་ལྷ་དང་། ཡུལ
26a5 འཁོར་མྱོང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་ཀྱི་བུ་དང་། ནོར་བུ་བཟང་པོ་དང་། གང་པོ་དང་། གང་བ་བཟང་པོ་དང་། ལྔས་རྩེན་དང་། ལྔ་ལེན་ལ་སོགས་པ། གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང་། འཕྲོག་མ་བུ་ལྔ་བརྒྱའི་འཁོར
26a6 ཅན་དང་། ཀུན་དགའ་ར་བའི་ལྷ་དང་། ནགས་ཚལ་གྱི་ལྷ་དང་། བཞི་མདོའི་ལྷ་དང་། སུམ་མདོའི་ལྷ་དང་། གཏོར་མ་ལེན་པའི་ལྷ་དང་། ལུས་ཀྱི་ལྷ་དང་། ལྷན་ཅིག་སྐྱེས་པ་དང་། ཆོས་མཐུན་པ་པ་དང་། རྟག་ཏུ་འབྲང་བའི་ལྷ་དེ་དག་དང་། གཞན་ཡང་ལྷ་བརྒྱ
26a7 སྟོང་དག་ལ་གསོལ་བ་འདེབས་པར་བྱེད་དོ། ། འཇིག་རྟེན་ན་ཡང་ལྷ་ལ་གསོལ་བ་བཏབ་པའི་རྒྱུ་ལས་བུ་དང་། བུ་མོ་དག་སྐྱེའོ།། ཞེས་བྱ་བ་འཇིག་རྟེན་པའི་གཏམ་དེ་ལྟ་བུ་ཡོད་མོད་ཀྱི་དེ་ནི་དེ་ལྟ་མ་ཡིན་ཏེ། གལ་ཏེ་དེ་ལྟར་གྱུར་དུ་ཟིན་ན། དཔེར་ན་འཁོར་ལོས
26a8 སྦྱར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལ་ཡང་བུ་སྟོད་ཡོད་པར་འགྱུར་རོ། ། འོན་ཀྱང་གནས་དྲག་པོ་དག་མངོན་དུ་གྱུར་བ་ལས་བུ་དང་བུ་མོ་དག་སྐྱེ་བར་འགྱུར་ཏེ། དྲག་པོ་གང་དག་ཅེ་ན། ཕ་མ་གཉིས་ཀྱིས་བུ་རྙེད་པར་འགྱུར་བའི་ལས་དག་བྱས
iiif viewer powered by OpenSeadragon
25b - 26b