e-texts navigator
Collection
Volume
Page
Wylie

25b1 ཅང་བསྡུས་པ་དང་། ། རྒྱས་པ་མ་ཡིན་བརྗོད་པར་བྱས།། འདུལ་བ་དེ་ནི་ད་ལས་ཉོན།། བསྐལ་པ་བྱེ་བ་རྣམས་སུ་ཡང་།། འདུལ་བ་ཐོས་པར་འགྱུར་བ་དང་།། གཟུང་དང་འཛིན་པ་རྙེད་དཀའ་སྟེ།། སྒྲུབ་པ་འ
25b2 ཤིན་ཏུ་རྙེད་པར་དཀའ། ། སངས་རྒྱས་རྣམས་ནི་འབྱུང་བ་བདེ།། ཆོས་བསྟན་པ་ཡང་བདེ་བ་ཡིན།། དགེ་འདུན་མཐུན་པ་བདེ་བ་སྟེ།། འཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ།། ཆོས་ཐོས་པ་དང
25b3 མཐོང་བ་ཡི། ། དབེན་པར་དགའ་བ་བདེ་བ་ཡིན།། འཇིག་རྟེན་སྲོག་ཆགས་འབྱུང་པོ་ལ།། མི་འཚེ་ཡང་དག་སྡོམ་པ་བདེ།། འཇིག་རྟེན་འདོད་ཆགས་བྲལ་བ་དང་།། འདོད་པ་རྣམས་ལས
25b4 རྒྱལ་བ་བདེ། ། ད་འོང་རྒྱལ་འདུལ་བཀང་།། དེ་ནི་མཆོག་ཏུ་བདེ་བ་ཡིན།། ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ།། མང་དུ་ཐོས་པ་མཐོང་བ་བདེ།། ཡང་སྲེད་པ་རྣམ
25b5 བར་གྲོལ་བ་ཡི། ། དགྲ་བཅོམ་པ་དག་མཐོང་བ་བདེ།། འཕགས་པ་རྣམས་ནི་མཐོང་བ་བདེ།། དམ་པ་རྣམས་དང་འགྲོགས་པ་བདེ།། བྱས་པ་རྣམས་ནི་མ་མཐོང་ན།། རྟག
25b6 ཏུ་བདེ་བ་ཉིད་དུ་འགྱུར། ། འཇུག་དོགས་བདེ་བའི་ཆུ་གྲུང་བདེ།། ཆོས་ལ་གོམས་པའི་སྐྱེ་བོ་བདེ།། ཤེས་རབ་ཐོབ་པར་གྱུར་པ་བདེ།། དའོ་ང་རྒྱལ་ཟད་པ་བདེ།
25b7 འཇིག་རྟེན་དགེ་སྦྱོང་འཛིན་པ་བདེ།། དེ་བཞིན་བྲམ་ཟེར་འཛིན་པ་བདེ།། འཇིག་རྟེན་ནོ་ཕར་འཛིན་བདེ།། དེ་བཞིན་མར་འཛིན་ཉིད་ཀྱང་བདེ།། ངེས་པར་བྱས་ཤིང་དབང་པོ་ཐུལ་བ
25b8 ངག། དགོན་པ་ཞི་པོ་རྣམས་སུ་རྒས་གྱུར་དང་།། མང་དུ་ཐོས་པ་ནགས་ཀྱི་ནང་དག་དུ།། ལ་ཅོ་ཡོལ་བ་རྣམས་ཀྱི་གནས་པ་བདེ།། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ཏེ།། གྲོང་ཁྱེར




iiif viewer powered by OpenSeadragon

25a - 26a

Texts on this page

Q1034 - dge slong ma'i 'dul ba rnam par 'byed pa