| | e-texts navigator
|
24b1 འདོག་དྲིལ་མེ་གནོད་པར།། གྲུབ་བཞིབས་ནས་འདྲར་བལྟར།། དེ་བཞིན་ཐུབ་བགྲོད་དུ་དྷཱ།། བདག་གིས་རིགས་དང་མི་རིགས་ལ།། བརྟག་པར་བྱ།། གཞན་རྣམས་ཀྱི།། མ་བཐུན་པ་དང་གནན་རྣམས་ཀྱི།།
24b2 བྱས་དང་མ་བྱས་རྣམས་ལ་མིན།། ལྐུག་པའི་སེམས་ལ་བག་བྱསྟེ།། ཐུབ་པའི་བསྒྲུབ་གཞི་རྣམས་ལ་བསླབ།། ཉེར་ནི་རྟག་ཏུ་དྲན་ལྡན་པའི།། སྐྱེས་པ་མྱ་ངན་མེད་པ་ཡིན།། སྦྱིན་པས་བསོད་ནམས་རབ་ཏུ་འཕེལ།
24b3 ལེགས་བསྡམས་དགྲ་སོགས་མི་འགྱུར་རོ།། དགེ་དང་ལྡན་པས་སྡིག་པ་སྤོང་།། ཉོན་མོངས་ཟད་པས་མྱ་ངན་འདའ།། སྡིག་པ་ཐམས་ཅད་མི་བྱ་སྟེ།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། རང་གི་སེམས
24b4 ནི་ཡོངས་སུ་གདུལ། ། འདི་ནི་སངས་རྒྱས་བསྟན་པ་ཡིན།། ལུས་ཀྱི་སྡོམ་པ་ལེགས་པ་སྟེ།། ངག་གི་སྡོམ་པ་ལེགས་པ་ཡིན།། ཡིད་ཀྱི་སྡོམ་པའང་ལེགས་པ་སྟེ།། ཐམས་ཅད་དུ་ནི
24b5 སྡོམ་པ་ལེགས། ། ཀུན་དུ་བསྡམས་པའི་དགེ་སློང་ནི།། སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ།། ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ།། ལུས་ཀྱི་མེ་དགེ་བ་དག་མི་བྱེད་ཅིང་།
24b6 ལས་ལམ་བཅུ་པོ་འདི་དག་རབ་སྦྱངས་ནས།། དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར།། སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ།། འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང་།། ཤཱ
24b7 ཐུབ་པ་གཽ་ཏམ་ལྷའི་ལྷ། ། མི་འདུལ་ཁ་ལོ་སྒྱུར་བ་བླ་ན་མེད།། འཇིག་རྟེན་མགོན་པོ་སྐྱོབ་པ་མཆོག། སངས་རྒྱས་དཔའ་བོ་བདུན་པོ་དག། གྲགས་ལྡན་རྣམས་ཀྱི་སོ་སོར་ཐར།། འདི་ནི་རབ་ཏུ་རྒྱས་པར་བཏོན།
24b8 འདི་ལ་སངས་རྒྱས་རྣམས་དང་གང་།། སངས་རྒྱས་ཉན་ཐོས་རྣམས་ཀྱང་གུས།། འདི་ལ་གུམ་དང་བཅས་གྱུར་པ།། འདུས་མ་བྱས་པ་ཐོབ་པར་གྱིས།། བརྩམ་པར་བྱ་ཞིང་འབྱུང་བར་བྱ།།
iiif viewer powered by OpenSeadragon
24a - 25a