e-texts navigator
Collection
Volume
Page
Wylie

24a1 ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། ། འདི་ལ་འཕགས་མ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། འཕགས་མ་དག་བདག་གིས་སོ་སོར་ཐར་པའི་མདོ་གདོན་པའི་གླེང་གཞི
24a2 བཏོད་ཟིན་ཏོ། ། ཕམ་པར་འགྱུར་བའི་ཆོས་བརྒྱད་དང་། དགེ་འདུན་ལྷག་མའི་ཆོས་ཉི་ཤུ་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུ་རྩ་གསུམ་དང་། ལྟུང་བྱེད་ཀྱི་ཚེས་བརྒྱ་བརྒྱད་བཅུ་དང་། སོ་སོར་བཤགས་པར
24a3 བྱ་བའི་ཆོས་བཅུ་གཅིག་དང་། བསླབ་པའི་ཆོས་མང་པོ་དང་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་བཏོན་ཟིན་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོག་པའི་སངས་རྒྱས་དེའི
24a4 མདོར་གཏོགས་ཤིང་བསྡུས་པ་ནི་འདི་དག་གོ། ། གང་གཞན་ནས་འབྱུང་བའི་ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་དེ་ལ་ཡང་ཁྱེད་རྣམས་འདུམ་པ་དང་། འཐུན་པ་དང་། དགའ་བ་དང་། མི་རྩོད་པར་སེམས་ཀུན་དུ་བསྲུང
24a5 བ་དང་། དྲན་པ་དང་། བག་ཡོད་པས་རྣལ་འབྱོར་དུ་བྱའོ།། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ཡིས།། མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང་།། རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་གཞན
24a6 ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། ། མིག་ལྡན་འགྲོ་བ་ཡོད་པ་ཡིས།། ཉམ་བདག་རྗེ་བཞིན་དུ།། མཁས་པས་འཚེ་བའི་འཇིག་རྟེན་འདིར།། སྡིག་པ་དག་ནི་ཡོངས་སུ་སྤང་།། སྐུར་བ་མི་གདབ་གནོད་མི་བྱ།
24a7 སོ་སོར་ཐར་པའང་བསྡམ་པར་བྱ།། ཟས་ཀྱི་ཚོད་ཀྱང་རིག་པར་བྱ།། བསམ་མཐའི་གནས་སུ་གནས་པར་བྱ།། ལྷག་པའི་སེམས་ལ་ཡང་དག་སྦྱོར།། འདི་ནི་སངས་རྒྱས་བསྟན་པ་ཡིན།། དེ་ལྟར་བུང་བ་མེ་ཏོ།།




iiif viewer powered by OpenSeadragon

23b - 24b

Texts on this page

Q1033 - dge slong ma'i so sor thar ba'i mdo