e-texts navigator
Collection
Volume
Page
Wylie

23b1 ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ། ། འཕགས་མ་དག་བདག་གིས་བསླབ་པའི་ཆོས་མང་པོ་དག་བཏོན་ཟིན་ཏོ།། དེ་ལ་བདག་གིས་འཕགས་མ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ།། ཅི་འདི་ལ
23b2 ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། ། འདི་ལ་འཕགས་མ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། སྡོམ་ལ། མངོན་སུམ་དྲན་པ་མ་མྱོས་དང་།། དེ་བཞིན་གང་ཚུལ
23b3 དེ་བོ་ཉིད། ། ཅ་རྣམས་བཀྲམ་པ་ལྟ་བུ་དང་།། ཁས་བླང་བར་ཡང་བྱའོ།། འཕགས་མ་དག་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་།། མངོན་སུམ
23b4 གྱིས་འདུལ་བར་འོས་པ་ལ་མངོན་སུམ་གྱིས་འདུལ་བ་སྦྱིན་ནོ། ། དྲན་པས་འདུལ་བར་འོས་པ་ལ་དྲན་པས་འདུལ་བ་སྦྱིན་ནོ།། མ་མྱོས་པས་འདུལ་བར་འོས་པ་ལ་མ་མྱོས་པས་འདུལ་བ་སྦྱིན་ནོ།། གང་ཚུལ་ཤིང་མང་པོ་སྐྱནི
23b5 པར་འོས་པ་ལ་ཚུལ་ཤིང་མང་པོ་སྦྱིན་ནོ། ། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་ཚོལ་བ་སྦྱིན་ནོ།། རྩ་བཀྲམ་པ་ལྟ་བུར་འོས་པ་ལ་རྩ་བཀྲམ་པ་ལྟ་བུར་སྦྱིན་ནོ།། གང་ཁས་བླང་བར་འོས་པ་ལ
23b6 ཁས་བླང་བར་བྱའོ། ། རྩོད་པ་བྱུང་བར་གྱུར་པ་རྣམས་རྩོད་པ་ཞི་བའི་ཆོས་བདུན་པོ་འདི་དག་གིས་ཆོས་དང་འདུལ་བ་དང་སྟོན་པའི་བསྟན་པའི་ཇི་ལྟ་བ་བཞིན་དུ་འདུལ་བར་བྱ། ཞི་བར་བྱ། རྣམ་པར་ཞི་བར་བྱའོ།།
23b7 འཕགས་མ་དག་བདག་གིས་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་བཏོན་ཟིན་ཏོ།། དེ་ལ་བདག་གིས་འཕགས་མདག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་ག་མ་ཞེས་དྲིའོ།། ཅི་འདི་ལ་ཁྱེད་ཡོངས་སུ་དགགམ




iiif viewer powered by OpenSeadragon

23a - 24a

Texts on this page

Q1033 - dge slong ma'i so sor thar ba'i mdo