| | e-texts navigator
|
23a1 ཁ་མ་ཡིན་པ་དང་། དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་གཞག་པར་བསྒྲུབ་པར་བྱའོ།། འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་བསླབ་པར་བྱའོ།། གང་འམ་ཡིན་པ་དང་། གཡང་ལམ་ཡིན་པ་དང་། དཀན་གཟར
23a2 ཡོ་མ་ཡིན་པར་ལྷུང་བཟེད་བཀྲུ་བར་བསླབ་པར་བྱའོ། ། འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ། ལུང་བཟེད་ཀྱིས་ཆུ་མཾ་བཅུ་བར་བསྒྲུབ་པར་བྱའོ།། མིན་པར་འདུག་པ་ལ་འབྲེད་སྟེ་ཆོས་མི་བཤད་བྱར་བསླབ་པར་བྷའོ།།
23a3 མིན་པར་ཉལ་བ་ལ་འདུག་ཏེ་ཆོས་མི་བཤད་པར་བསླབ་པར་བྱའོ།། མིན་བར་སྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱའོ།། མ་ན་བར་མདུན་ཏུ་འགྲོ་བ་ལ་བྱི་ནས་འགྲོ་ཞིང
23a4 ཆོས་མི་བཤད་པར་བསླབ་པར་བྱའོ། ། མི་ན་བར་ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ།། མི་ན་བར་མགོ་གཡོགས་པ་དང་། བརྫེས་པ་དང་། གཟར་དང་། གཉའ་གོང
23a5 དུ་བསྣོལ་བ་དང་། ལྷག་པར་བསྣོལ་བ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ།། མིན་པར་སྐྲ་དོ་ཀེར་ཅན་དང་། ཞྭ་གྱོན་པ་དང་། མགོ་ཅོད་པན་ཅན་དང་། མགོ་ཕྲེང་བ་ཅན་དང་། མགོ་དཀྲིས་པ་ལ་ཆོས་མི་བཤད་པར་བསླབ་པར
23a6 བྱའོ། ། མི་ན་བར་གླང་པོ་ཆེ་ཞོན་པ་དང་། རྟ་ཞོན་པ་དང་། ཁྱོགས་ན་འདུག་པ་དང་། བཞོན་པའི་སྟེང་ན་འདུག་པ་དང་། མཆིལ་ལྷམ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ།། མི་ན་བར་ལག་ན་ཁར་བ་ཐོགས་པ
23a7 དང་། ལག་ན་གདུགས་ཐོགས་པ་དང་། ལག་ན་མཚོན་ཐོགས་པ་དང་། ལག་ན་རལ་གྲི་ཐོགས་པ་དང་། ལག་ན་དགྲ་ཆ་ཐོགས་པ་དང་། གོ་ཆ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ།། མིན་པར་འགྲེང་སྟེ
23a8 བཤང་ག་ཅི་ནི་བྱ་བར་བསླབ་པར་བྱའོ། ། མིན་པར་ཆུའི་ནང་དུ་བཤང་གཅ་དང་། མཆིལ་མ་དང་སྐབས་དང་། སྐྱུགས་པ་དང་། རླུགས་པ་མི་འདོར་བར་བསླབ་པར་བྱའོ།། གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང
iiif viewer powered by OpenSeadragon
22b - 23b