| | e-texts navigator
|
52b1 དྲས་ན་བྲམ་ཟེའི་ཁྱེའུར་གྱུར་ཏོ། ། དགེ་སློང་དག་ཤིང་མཁན་དེ་གཉིས་པོར་གྱུར་པ་གང་ཡིན་པ་དེ་ནི་ལྷ་བྱིན་དང་། ཀོ་ཀ་ལི་ཀ་འདི་དག་ཡིན་ཏེ། དེའི་ཚེ་དེའི་དུས་ན་ཤིང་མཁན་གཉིས་སུ་གྱུར་ཏོ།། སྨོན་ལམ་དེའི་དབང་གིས་འདིར་དེ་བཞིན་གཤེགས
52b2 པའི་ཚེ་འཕྲུལ་རྣམ་པ་འདི་ལྟ་བུ་བྱུང་བར་གྱུར་ཏོ། ། དགེ་སློང་དག་དེའི་ཕྱིར་འདི་ལྟར་བསྒྲུབ་པར་བྱ་སྟེ། གང་སྦྱིན་པ་རྣམས་བཏང་བ་དང་བསོད་ནམས་དག་བྱའོ་ཞེས་དེ་ལྟར་བསླབ་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས
52b3 དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། དཔལ་གྱི་སྡེའི་རྟོགས་པ་བརྗོད་པ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲི་བྷ་དྲ་དང་ཞུ་ཆེན་གྱི་ལོ་ཙྪ་བ་དགེ་སློང་ཤེས
52b4 རབ་ལེགས་པས་བསྒྱུར། སྒྲ་བསྒྱུར་གྱི་ལོ་ཙྪབ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བཅོས་ཏེ་གཏན་ལ་ཕབ་པ།། སྐད་མས་ཞུས་ས།། རྒྱ་གར་སྐད་དུ། ཀན་ཀ་བརྞ་བཱཪྴ་ཡ~ཾ་ག་ནཱ་མ། བོད
52b5 སྐད་དུ། གསེར་མདོག་གི་སྔོན་གྱི་སྦྱོར་བ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས
52b6 སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉི་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ།། བཅོམ་ལྡན་འདས་ལ་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་དང་། རྒྱལ་པོ་དང་བློན་པོ་ཆེན་པོ་དང་། མུ
52b7 སྟེགས་ཅན་སྣ་ཚོགས་དང་། དགེ་སྦྱོང་དང་བྲམ་ཟེ་དང་སྤྱོད་པ་པ་དང་ཀུན་དུ་རྒྱུ་དང་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པ་རྣམས་ཀྱིས་བཀུར་སྟི་བྱས་བླ་མར་བྱས་རི་མོར་བྱས་ཤིང་མཆོད་དོ།།
52b8 བཅོམ་ལྡན་འདས་ཀྱིས་ཚེས་གོས་དང་ཞལ་ཟས་དང་གཟིམས་ཆ་དང་སྙུན་གྱི་རྐྱེན་སྨན་དང་ལྷ་དང་མི་རྣམས་ཀྱི་ཡོ་བྱད་དམ་པ་རབ་ཏུ་མང་པོ་ཡང་བསྙེས་ཏེ། དེ་དག་ལ་བཅོམ་ལྡན་འདས་རྗེས་སུ་ཆག་པ་ཡང་མི་མདའ་སྟེ། པད་མ་ལ་ཆུ་མི་ཆགས་པ
iiif viewer powered by OpenSeadragon
52a - 53a