| | e-texts navigator
|
51b1 དག་པ་འདི་དང་དགྱེས་པར་མཛོད།། ཁྱིམ་ཐབ་མི་ཕྱོགས་བཙུན་མོ་སྡུག། འདི་ནི་ཁྱེད་ལ་དབུལ་ལགས་ཀྱིས།། ཁྱེད་ཀྱིས་ཡང་ནི་བློང་བལ།། ནམ་དུ་ཡང་ནི་མ་སྐུལ་ཅིག། དེ་ནས་བྱང་ཆུབ་སེམས་དཔས་དྲང་སྲོང་དེ་དང་། ལྷརྣམས་ཀྱི་དབང་།
51b2 བརྒྱ་བྱིན་གྱིས་གསོལ་པ་བཏབ་པ། སྙིང་རྗེས་ཅི་ཡང་མི་སྨྲ་བ་ཁས་བླངས་སོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་ལས་སྣ་ཚོགས་པ་ལ་སྨྲས་པ། ལས་སྣ་ཚོགས་པ་སེང་གོ་ཁྲི་སྲུང་དུ་གོམས་ཤིག། ང་ཉིད་ཀྱིས་རྒྱལ་པོ་དཔལ་གྱི
51b3 སྡེ་དབང་བསྲུང་བར་བྱའོ། ། ཀོ་ཤི་ཀ་ལེགས་ཀྱིས་དེ་ལྟར་བགྱིའོ།། ལྷའི་བུ་ལས་སྣ་ཚོགས་པས་ལྷའི་དབང་པོ་བརྒྱ་བྱིན་ལས་མཉན་ནས་སྐད་ཅིག་མ་དོ་ཉིད་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཉེ་བར་མཛེས་པ། ཀུན་ནས་མུ་ཏིག་དང་། མུ་ཏིག་གི་ཚོགས
51b4 གྱི་དོགལ་འབྱུང་བའི་ལྷའི་སེང་གེའི་ཁྲི་མངོན་པར་སྤྲུལ་ཏོ། ། དེ་ནས་རྩཝའི་དབང་པོ་བ་ཅུ་བྱིན་གྱིས་དང་ཉིད་ཀྱི་ལག་པ་གཉིས་ཀྱིས་བཟུང་ནས་ལྷའི་སེང་གེའི་བྲིལ་བཞག་སྟེ། ལྷ་བརྒྱ་སྟོང་དུ་མ་རྣམས་དང་ལྷན་ཅིག་ཏུ་ལྷའི་རོལ་མོ་རྣམས་ཀུན་དུ་བརྡུང
51b5 བཞིན་དུ་བསྙེན་བཀུར་ཆེན་པོ་བྱས་ནས་རྒྱལ་པོར་དབང་བསྲུང་བས་དབང་བསྐུར་ཏོ། ། བར་སྐབས་དེ་བྱང་ཆུབ་སེམས་དཔའི་མཐུས་ས་རྣམ་པ་དྲུག་ཏུ་གཡོས་པ་དང་། ལྷ་རྣམས་དགའ་བ་དང་། མཐུབས་ཡང་རྣམ་པ་སྣ་ཚོགས་པའི་རྨི
51b6 ཏོག་གི་མར་དང་རིནི་བ་ཚོའི་ཆང་པབ་སྟེ། འདམ་བུའི་རྫིང་ཐམས་ཅད་དུ་མ་ཏོག་དང་རིན་པོ་ཆེའི་རྒྱང་བུས་མོ་ནུབ་ཙམ་གྱིས་གཙིགས་པར་བྱུར་ཏོ།། ག་དང་མི་རྣམམས་ཀྱིས་འབྱོར་བ་བསམ་གྱིས་མི་ཁྱབ་པར་གྱུར་བ་དེ་རྣམས་མཆོད
51b7 བ་དང་། ངོ་མཚར་དུ་གྱུར་ཅིང་རྨད་དུ་བྱུང་བ་སྐྱེས་ཏེ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ། ཨེ་མཧོ།། རྒྱལ་པོ་དཔལ་གྱི་སྡེ་བསོད་ནམས་ཀྱི་སྟོབས་ཨེ་མའི་ངོ་མཚར་དུ་ཆེའོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལྔ་བརྒྱ་སྟོད་དུ་མ་དང་ཐབས་ཅིག་ཏུ
51b8 བྱང་ཆུབ་སེམས་དཔའ་ཡང་དག་པར་དགའ་བར་བྱས་ནས་རང་གི་གནས་སུ་སོང་ངོ་། ། རི་ལ་གནས་པའི་དྲང་སྲོང་དེ་ཡང་འཁོར་ལྔ་བརྒྱ་དང་བྱང་ཆུབ་སེམས་དཔའ་ལ་མངོན་པར་བསྟོད་དེ་བསྟི་གནས་ཉིད་དུ་སོང་ངོ་།། དེ་ནས་བྱང་ཆུབ་སེམས་དཔས་སྐྱེ
iiif viewer powered by OpenSeadragon
51a - 52a