e-texts navigator
Collection
Volume
Page
Wylie

51a1 རབ་པ། ། བརྟན་པ་ཉིད་ཀྱང་བླན་མེད།། ཀྱེ་མ་སེམས་ཅན་ལ་སྙིང་བརྩེ།། ཀྱེ་མ་བྱང་ཆུབ་ཡིད་ལ་བཏན། ཀྱེ་མའོ་མི་ང་འཇིག་རྟེན་འདི།། མགོན་པོ་ཁྱོད་ཀྱིས་སྤྱོད་འགྱུར་ཏེ། སྡུག་བསྔལ་རྒྱ་མཆོ་ག་འཇིགས་ལས།
51a2 ཡང་དག་མྱ་ངན་འདའ་བར་མཛད།། དེ་སྐད་ཅེས་སྤྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་མཆི་མ་ཆར་བཞིན་འབབ་ཅིང་སྐད་འཛེར་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་བཟོད་པ་གསོལ་པར་བརྩམས་ཏེ། རྒྱལ་པོ་ཆེན་པོ་གང་བདག་ཉམ་སྐྱེད
51a3 པའི་བསམ་པས་ཚོར་བ་ཟག་པོ་ལས་ཀུན་དུ་སྦྱོར་བར་མཛོད་ཅིག། གཞན་ཡང་གང་གི་ཚེ་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་ན་ཡང་བདག་ལ་དགོངས་ཤིག། བྱང་ཆུབ
51a4 སེམས་དཔས་སྤྲས་པ། ཀཽ་ཤི་ཀ་བཟོད་ཀྱིས་དེ་བཞིན་དུ་བྱས་ཏེ། ངས་ཀྱང་དྲན་པར་བྱའོ།། བར་སྐབས་དེར་བྱང་ཆུབ་སེམས་དཔའི་མཐུས་དེ་མ་ཐག་ཏུ་ནམ་མཁའ་ལས་ལྷའི་རིན་པོ་ཆེའི་ཆར་རྣམ་པ་སྣ་ཚོགས་ཡིད་དུ་འོང་བ་འཛམ
51a5 བུའི་རྫིང་ཐམས་ཅད་དུ་བབ་པ་དགྱུར་ཅིང་འཛམ་བུའི་གླིང་ཐམས་ཅད་དུ་རྒྱན་རྣམ་པ་སྣ་ཚོགས་ཀྱིས་གང་བར་གྱུར་ལ། ལྷའི་སྣང་བ་བས་ཀྱང་གསལ་བར་གྱུར་ཏོ།། དེ་ནས་རི་ལ་གནས་པའི་དྲང་སྲོང་དེ་ངོ་མཚར་འདི་ལྟ་བུ་ཟང་དུ་བྱུང་བ
51a6 མཐོང་བ་དང་། ངོ་མཚར་གྱིས་བསྡུས་པའི་ཡིད་ཀྱིས་བསམས་པ། སྔོན་མ་བྱུང་བའི་ངོ་མཚར་བྱུང་བ་འདི་ཅི་ཞིག་ཡིན། འདི་ལྟ་བུའི་མཐུ་སུའི་ཡིན་སྙམ་མོ།། དེ་ནས་དྲང་སྲོད་དེ་ལ་བསྟི་གནས་ན་གནས་པའི་ལྷ་གཞན་གྱིས་གཏམ་འདི་རྒྱས
51a7 པར་སྨྲས་སོ། ། དེ་ནས་དྲང་སྲོང་དེ་བྱང་ཆུབ་སེམས་དཔའི་ཤིན་དུ་དཀའ་ཞིང་བ་སྤུ་ལྡང་བའི་སྐད་ཐོས་པ་དང་ཡང་དག་པར་དགའ་བས་བ་སྤུ་ལྡང་ཞིང་སེམས་ཅན་ཆེན་པོ་བཀུར་བར་འོས་ཞེས་བསམས་ནས་འཁོར་ལྔ་བརྒྱ་དང་བཙུན་མོ་རྒྱལ
51a8 བའི་འོད་ཁྲིད་དེ་རིངས་པ་རིངས་པར་བྱང་ཆུབ་སེམས་དཔའི་ཐད་དུ་ཕྱིན་པ་ནས། རྒྱལ་བ་དང་ཚེ་སྤེལ་བར་བྱས་ཏེ། བརྒྱ་བྱིན་དང་ལྷན་ཅིག་སྨྲས་པ། ལྷའི་བུ་མོ་བཟང་འདྲ་བའི།། བུ་མོ་སྡུག་པ་འདི་རྣམས་ལ།། མགོན་པོ་ཁྱེད་ཀྱིས་བསྐྱང་བ་དང་།




iiif viewer powered by OpenSeadragon

50b - 51b

Texts on this page

Q1018 - dpal gyi sde'i rtogs pa brjod pa