| | e-texts navigator
|
50b1 དབས་སེམས་ཅན་ཐམས་ཅད་ལ་རྗེས་སུ་འགྲོ་བའི་བྱམས་པའི་སེམས་ཉེ་བར་བཞག་ནས་བདེན་པ་གསོལ་བར་བྱེད་ཅིང་དེའི་མཚོགས་སུ་བཅདད་ང་སྨྲས་པ། ཇི་ལྟར་བྱང་ཆུབ་འདོད་བྱར་ནས།། སྙིང་རྗེས་ལུས་ནི་བཏང་བས་ན།། སར་སྔ་མེད་ཅིང
50b2 ཞུམ་མེད་དེ། ། དེང་ནི་འགྱོད་པར་འགྱུར་བ་མེད།། འགྱོད་པའི་སེམས་ཀྱང་མེད་གྱུར་ན།། བདེན་ཚིག་འདི་དང་ལེགས་བྱས་པས།། བརྒྱ་བྱིན་དེང་ནི་ང་ཡི་ལུས།། འདི་ནི་སྔོན་གྱི་ཇི་བཞིན་དུ།། དབང་པོ་མ་ལུས་རྫོགས་གྱུར་ཅིག། དགེ་སློང་དག་ཚིགས
50b3 སུབཅད་པར་སྨྲས་པའི་རྗེས་ཐོགས་ཉིད་ལ་བྱང་ཆུབ་སེམས་དཔའི་ལུས་འཕྲལ་དུ་མངོན་གྱི་ལྟ་བ་བཞིན་དུ་གྱུར་ཏོ། ། རྣམ་མཔའི་ད་ཀྱིལ་ན་གནས་པའི་ལྷ་དང་ཀླུ་དང་གནད་སྦྱིན་དང་ནམ་མ། འལྡིད་དང་མའམཆི་དང་ལྟ་འཕྱེཆེན་པོ་ནམས་ཀྱིས
50b4 ངོ་མཚར་དེ་མཐོང་བ་དང་། ངོ་མཚར་གྱིས་མིག་གདངས་ཏེ། ཅ་ཅོ་དང་གཞའི་སྒྲ་སྒྲོགས་སོ།། སྐྱེ་བོའི་ཚོགས་ཆེན་པོ་འདི་དག་ཐམས་ཅད་ཀྱིས་ཀྱང་ངོ་མཚར་དང་རྨད་དུ་བྱུང་བ་དང་། ལྷ་དང་མི་རྣམས་ཡིད་སྡུག་པར་བྱེད་པའི་ཆོ་འཕྲུལ་དང་། བྱང
50b5 ཆུབ་སེམས་དཔའི་ལུས་ཡོངས་སུ་རྫོགས་པ་མཐོང་བ་དང་སྲོག་སྟོར་བ་ལས་སླར་སྙེད་པ་བཞིན་དུ་མཆོག་ཏུ་ངོ་མཚར་སྐྱེས་སོ། ། འདི་སྐད་ཅེས་ཀྱང་སྨྲས་ཏེ། ཀྱེ་མ་ཁྱོད་ནི་སླང་འཚོ་བའི།། ངོ་མཚར་དག་ནི་བལྟ་བར་གྱིས།། ས་དང་ནགས་སུ
50b6 བཅས་པ་ཡི། ། འཇིག་རྟེན་དེ་ན་རྒལ་བར་ལྡན།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའི་ལུས་སྔོན་གྱི་ཇི་ལྟ་བ་བཞིན་དུ་གྱུར་པར་མཐོང་བ་དང་ངོ་མཚར་གྱིས་གཟུངས་པའི་མིག་དང་། སྤྲོ་བ་བསྐྱེད་པའི་ཕྱིར་སྨྲས་པ། རྒྱལ
50b7 པོ་ཆེན་པོ་ཁྱོད་ཀྱི་བློ་ཤིན་དུ་ངེས་པ་དང་ཁྱོད་ཀྱི་སྨོན་ལམ་མི་འཐུར་བ་དང་། ཁྱོད་ཀྱི་སེམས་ཅན་ལ་སྙིང་རྗེ་ཆེན་པོས་རྗེས་ས་ཞུགས་པ་ནི་ལེགས་སོ་ལེགས་སོ།། གང་ཡང་ཁྱོད་ནི་ཡིད་ཀུན་དུ་སྲེག་པར་བྱེད་པ་རྣམས་ལ་མི་འཇིགས་པས་ཁྱོད
50b8 ཀྱེ་འབད་པ་འདི་ཉིད་ཀྱིས་ཡུན་རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱེང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དེའི་ཚིཚིགས་སུ་བཅད་དེ་སྨྲས་པ། ཀྱེ་མ་ཁྱོད་ཀྱི་བརྩོན
iiif viewer powered by OpenSeadragon
50a - 51a