| | e-texts navigator
|
50a1 རྡུང་ངོ་། ། ལ་ལ་ནི་མི་རྟག་པ་ཉིད་ཀྱི་སྟོབས་དང་ལྡན་ཞེས་སེམས་སྡུག་བསྔལ་དང་བཅས་ཤིང་ཡིད་མི་བདེ་བ་དང་ལྡན་པས་ཅང་མི་སྨྲ་བར་འདུག་གོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར
50a2 རྫོགས་པའི་བྱང་ཆུབ་ལས་རི་རབ་ལྟར་ཤིན་དུ་མི་གཡོ་བར་ཤེས་ཤིང་བྱང་ཆུབ་སེམས་དཔའི་རྨད་དུ་བྱུང་བ་ཡོངས་སུ་གཏོང་ལ། དེ་ཡང་བ་སྤུ་ལྡང་བ་ནི་ཤིན་དུ་དགའ་ཞིང་ཕུལ་དུ་བྱུང་བ་མཐོང་བ་དང་། ངོ་མཚར་གྱིས་མིག་གདངས་ཏེ་ལྷའི་བུ་དེ་བཞི་དང་ལྷན
50a3 ཅིག་ཏུ་བྲམ་ཟེའི་ཆ་བྱད་མ་སྣང་བར་བྱས་ནས་རང་གི་གཟུགས་ཀྱིས་གནས་ཏེ་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ནི་ལྷའི་དབང་པོ་བརྒྱ་བྱིན་ལགས་ཀྱི་བྲམ་ཟེ་མ་ལགས་སོ།། རྒྱལ་པོ་ཆེན་པོ་ལེགས་སོ་ལེགས་སོ།། ཀྱེ་མདོ་ཁྱོད
50a4 ཀྱི་བརྩོན་འགྲུས། ཀྱེ་མའོ་མ་བཅོས་པར་བརྟན་པ། ཀྱེ་མའོ་རང་གི་ལུས་མ་ཆགས་པར་ཡོངས་སུ་གཏོང་བ། ཀྱེ་མའོ་སེམས་ཅན་རྣམས་ལ་སྙིང་བརྩེ་བ། ཀྱེ་མའོ་སྦྱིན་པ་ལ་དགའ་བ་ལེགས་སོ་ལེགས་སོ།། རྒྱལ་པོ་ཆེན་པོ་ཁྱོད་གང་དུ་སྡུག་བསྔལ
50a5 དྲག་པསོ་བཅོམ་ཡང་སྙིང་རྗེས་རང་གི་ལུས་སྦྱིན་པ་ལ་སེམས་མི་ལྡོག་པ་དེ་ནི་ལེགས་སོ། ། རྒྱལ་པོ་ཆེན་པོ་ཁྱོད་ལ་དྲི་ཡིས་ཁྱོད་ཤིན་དུ་དགའ་བའི་བརྩོན་པ་འདི་ལྟ་བུས་ཅི་ཞིག་དོན་དུ་གཉེར། བྱང་ཆུབ་སེམས་དཔས་སྨྲས་པ། ཀོ་ཤི་ཀ་རའི་ལུས་ཀྱི
50a6 སྦྱིན་པ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སེམས་ཅན་རྣམས་འཁོར་བ་ལས་བསྐོལ་བར་བྱའོ།། བརྒྱ་བྱིན་གྱིས་སྤྲས་པ། རྒྱལ་པོ་ཆེན་པོ་ཁྱོད་རང་གི་ལུས་ཡོངས་སུ་ཟད་པ་འམ། གཏོར
50a7 བ་འམ། ། ཡོངས་སུ་བཏང་བས་ཁྱོད་ཀྱི་སེམས་རྣམ་པ་གཞན་དུ་གྱུར་པ་འམ། འགྱོད་པར་མ་གྱུར་གྲང་། བྱང་ཆུབ་སེམས་དཔས་སྨྲས་པ། ཀཽ་ཤི་ཀ་ར་ལ་ནི་འགྱོད་པ་མེད་དོ།། བརྒྱ་བྱིན་གྱིས་སྨྲས་པ། ཇི་ལྟར་ཤེས་པར་བྱ། བྱང་ཆུབ་སེམས་དཔས།
50a8 སྤྲས་པ། ཀོ་ཤི་ཀ་དེའི་ཕྱིར་ངའི་ལུས་ཀྱི་ཕྱེད་བཅད་པ་འདི་གནས་ཇི་ལྟ་བཞིན་དུ་ཞོག་ཤིག། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའི་ལུས་ཀྱི་ཕྱེད་བཅད་པ་དེ་གནས་ཇི་ལྟ་བ་བཞིན་དུ་བཞག་གོ།། དེ་ནས་བྱང་ཆུབ་སེམས
iiif viewer powered by OpenSeadragon
49b - 50b