| | e-texts navigator
|
48b1 གྱིས། འགྲོ་བ་སྐྱེ་རྒན་མཆི་སྡུག་བསྔལ་གྱིས་གདུངས་པའི།། འདི་ནི་སྐྱབས་གྱུར་ཡིད་ཀྱིས་བཟོད་ཉིད་བརྟན་པར་གྱིས།། གཞན་ཡང་ཀྱི་སེམས་གང་ཕྱིར་འགྲོ་ཀུན་འཁོར་བ་ཡི།། རྒྱ་མཚོ་ལས་རྒལ་རྒྱུ་མིན་གྱིས།། དེ་བས་ཁྱོད་ནི་གནོད་པ
48b2 རྣམས། མི་བཟོད་པ་ནི་རིགས་མ་ཡིན།། དེ་ལྟར་རང་གི་སེམས་ཡང་དག་པར་བཞག་པས་སེམས་ཅན་ཐམས་ཅད་རྗེས་སུ་འགྲོ་བའི་སྙིང་རྗེན་པར་ཤག་སྟེ་པ་བམབས་ཀྱེ་མའོ་འཁོར་བ་ན་གནས་པའི་སེམས་ཅན་གྱི་སྡུག་བསྔལ་ནི་ཀྱེ་མ་མི
48b3 བཟད་པ་ཡིན་ལ། འཁོར་བའི་སེམས་ཅན་དེ་རྣམས་ཀྱི་དོན་དུ་འཁོར་བའི་སྡུག་བསྔལ་ཐམས་ཅད་མནགས་པར་སྤྲོ་བར་བྱས་ཀྱིས་སེམས་ཅན་འགའ་ཡང་སྡུག་བསྔལ་བའི་སྐལ་པ་ཅན་དུ་མ་གྱུར་ཅིག། དགེ་སློང་དག་སེམས་བསྐྱེད་མ
48b4 བྱང་ཆུབ་སེམས་དཔའི་ལུས་བཅད་པའི་ཚོར་བ་འཕྲལ་དུ་རྒྱུན་ཆད་པར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་བསམ་པ། ཅིའི་ཕྱིར་ངའི་ལུས་བཅད་པའི་ཚོར་བ་འགགས་པར་གྱུར། སོག་ལེ་འགའ་ཞིག་གིས་བཏོན་གྱུར་མ་གྲང་སྙམ
48b5 ནས་སོག་ལ་དེ་ལ་བལྟས་སོ། ། བལྟས་ནས་ཀྱང་མཆོག་ཏུ་ཡིད་མི་བདེ་བར་གྱུར་ནས་འདར་བར་གྱུར་ཏེ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དེའི་བསམ་པ་ཤེས་ནས་སྨྲས་པ། ཉམ་ཆུང་ནད་པ་ཇི་བཞིན་དུ།། རྒྱལ་པོ་ཅི་ཕྱིར་འདར་བར་བྱེད།།
48b6 བདག་གི་རུས་བྱེད་བཅད་ན་ཡང་།། སེམས་ནི་མི་འདར་བ་ལ་ལྟོས།། ཁྱོད་ནི་ཐམས་ཅད་སྟེང་བ་ཞེས།། ས་སྟེང་ཀུན་དུ་གྲགས་པ་ལ།། འགྱོད་པར་བྱེད་པ་མི་རིགས་ཏེ།། ཁྱོད་ཚིག་བརྫུན་དུ་མ་གྱུར་ཏམ།། དེ་ནས་བྱང་ཆུབ་སེམས་དཔས་སྨྲས
48b7 བྲམ་ཟེ་དོན་དེའི་ཕྱིར་ལུས་འདར་བ་མ་ཡིན་ལ། འགྱོད་པར་གྱུར་པ་འགའ་ཡང་ཡོད་པ་མ་ཡིན་ནོ།། འོན་ཀྱང་སོག་ལེ་འདིས་ངའི་ལུས་ཀྱི་ཕྱེད་སྲུད་ཆབས་ཆེར་ཞུགས་ཀྱང་མཆོད་པ་དང་། དེ་ལ་ང་འདི་སྙམ་དུ་སེམས་ཏེ། ངའི་སྦྱིན་པ
48b8 མ་རྫོགས་པར་མི་འགྱུར་ཟང་། དེ་ལ་སློང་བའི་ཡིད་ལ་རེ་བ་ཡང་ཡོངས་སུ་རྫོགས་པར་མི་འགྱུར་གྲང་ཞེས་དོན་དེ་རྗེས་སུ་སེམས་ཤིང་ལུས་འདར་ཏེ་སོག་ལས་དྲག་ཏུ་གཅོད་པར་འདོད་པ་ཡིན་ནོ།། དེ་ལ་དེ་སྐད་ཅེས་སྤྲས་པ་དང་ལྷའི་དབང་པོ
iiif viewer powered by OpenSeadragon
48a - 49a