e-texts navigator
Collection
Volume
Page
Wylie

48a1 མཆིམ་བླགས་སོ། ། དེ་ནས་སྨྲ་བ་འཆགས་ཆན་པས་འད་ཅན་ག་ཡོན་སུམ་ནས་སྟེང་དུ་བལྟ་བར་བརྩམ་པ་དང་། རྣཙམ་ན་ལྟ་བརྒྱ་སྟོང་དུ་མ་རྣམས་དུ་བར་མཐང་། དེ་ནས་སྐྱ་བའི་ཚོགས་ཆེན་པོ་ཤས་ཆེར་བྱ་ངན་གྲ་པོས
48a2 གདུངས་ཏེ་བྱང་ཆུབ་སེམས་དཔའ་གནས་སྐབས་འདི་ལྟ་བུ་ཤིན་དུ་སྡུག་བསྔལ་བར་མཐོང་ནས། ཀྱི་ཧུད་ལྟ་བཀྲོངས་པ་ནི་སྡུག་བསྔལ་ལོ་ཞེས་བསམས་ནས་ཀུན་དུ་རྨོངས་པར་གྱུར་ཏོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དེ་སྲེག་ཆགས་བརྒྱ
48a3 སྟོང་དུ་མ་འདི་རྣམས་བྱང་ཆུབ་སེམས་དཔའི་མྱ་ངན་གྱིས་གདུངས་པས་ཤིན་དུ་སྙིང་རྗེ་ཞིང་བུམ་པ་མཐོང་བ་དང་མྱང་བར་སྙིང་རྗེའི་ཡིད་ཀྱིས་བསམས་པ། བདག་ཉིད་ཆེ་བ། སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ། སྙིང་རྗེ་ཅན་ཐམས་ཅད
48a4 སྟེར་བ་འདིའི་ལུས་ལ་འདི་ལྟར་ཚོར་བ་དྲག་པོའི་ལས་ཀུན་དུ་སྦྱོར་བ་ནི་བཟང་པོ་མ་ཡིན་ནོ། ། གཞན་དྲན་དེ་ནི་ཇི་ལྟར་སྲོག་མ་འཇིག་པར་གྱུར་པ་དེ་ལྟར་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་ཤིང་མཁན་དེ་གཉིས་ཀྱིས་སོག་ལེས་དྲུད་ཅིང་སོག་པ
48a5 རྣོནོན་པོས་ལུས་བཅད་པའི་ཚོར་བ་དྲག་པོས་གདུངས་པ་དང་། བརྟན་པའི་སྟོབས་དང་ལྡན་པས་སྤོང་བ་ལ་བྱམས་པའི་སེམས་སྐྱེས་ནས་བསམས་པ། ངས་འཁོར་བའི་སྐྱོན་གྱི་རང་བཞིན་ཤེས་ནས་བརྩོན་འགྲུས་སྲ་ཞིང་བརྟན་པ་དང་ལྡན་པས
48a6 ལུས་ཕྱོགཅིག་ཅད་པ་འདི་ལས་འདི་ལྟ་བུའི་སྡུག་བསྔལ་སྟེན་སེམས་ཅན་སྔར་མ་རྣམས་ཕལ་ཆེར་དམྱལ་བར་སྐྱེས་ནས་ཤིན་དུ་སྡུག་བསྔལ་བའི་ཚོར་བ་རྣམས་ཀྱིས་གདུངས་པ་ལྟ་སྤོས་ཀྱང་ཅི་དགོས། དེ་ནས་བྱང་ཆུབ་སེམས་དཔའ
48a7 སེམས་ཅན་ཐམས་ཅད་ལ་རྗེས་སུ་འགྲོ་བ་བྱམས་པའི་སེམས་རྣམ་པར་བཞག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་འདི་ལྟ་བུའི་སྡུག་བསྔལ
48a8 ལས་ཐར་པར་བྱའོ་ཞེས་སེང་གེའོ་སྡེ་བསྡོགས་ཏེ། སྡུག་བསྔལ་དྲག་པོས་གདུངས་པའི་རང་གི་སེམས་སྤྲོ་བར་བྱ་བའི་ཕྱིར་སྨྲས་པ། འཇིག་རྟེན་སྡུག་བསྔལ་ལྟོས་ལ་ཡིད་ཁྱོད་སྐྱོན་སྤངས་ཏེ།། ཤིན་དུ་བརྟན་པ་བརྒྱ་ཆེ་བསྐྱེད་པ་ཉིད་དུ




iiif viewer powered by OpenSeadragon

47b - 48b

Texts on this page

Q1018 - dpal gyi sde'i rtogs pa brjod pa