e-texts navigator
Collection
Volume
Page
Wylie

290a1 ཧོང་རྣམས་དད་པས་མཆོད་གྱུར་ཅེས། ། བདག་གིས་ཧོར་གྱི་སྐད་དུ་བསྒྱུར་བ་ཡིན།། ང་ཡིས་ཇི་ལྟར་བསམས་པ་འགྲུབ་འགྱུར་ན།། སེམས་ཅན་ཁྲི་ཕྲག་སྟོང་ཕྲག་འདོད་པ་ཀུན།། བདག་ཉིད་ཇི་བཞིན་ཚིམ་པར་གྱུར་ཅིག་ཅེས
290a2 སྟོང་ཕྲག་སྤར་དུ་བཏབ་ནས་ཀུན་ལ་བཀྱེ། ། འདི་ཡི་བསོད་ནམས་ཛིན་གྱི་འབྲས་བུའི་མཐུས།། བདག་པོ་རྒྱལ་པོ་དཔོན་མོ་བརྒྱུད་པར་བཅས།། ཡུན་དུ་སྐུ་ཚོ་རང་ཞིང་བསོད་ནམས་འཕེལ།། མཐར་ཐུག་སངས་རྒྱས་གོ་འཕང་རྙེང་གྱུར་ཅིག
290a3 རྒྱལ་ཁམས་དགྲ་དང་འཁྲུག་བཞི་པ་དང་། གདོན་དང་བར་ཆད་རིམས་མེད་པ་དེ་གྱུར་ཅིག། ཆར་དྲུང་ངུས་འབབ་མུ་ག་མེད་འགྱུར་ཞིང་།། བདག་གིས་སྤྲས་དང་བས་མདོན་འགྲུ་བགྱུར་ཅིག། བདག་དང་པ་མ་བུ་སོགས་གཉེན་རྣམས་དང་།།
290a4 དབུན་དང་སེམས་ཅན་མང་པོར་བཅས།། འཇིག་རྟེན་འདིར་ཡང་ཆོས་ཀྱི་འདོད་པ་ཆིས།། བདེ་བ་ཅན་ཞིང་རྟག་པར་བྱིན་གྱུར་ཅིག། བེན་ལི་དང་པོའི་ལོ་འབྲུག་གི་ལོ་ཟླ་བ་བཅུ་པའི་ཆོས་གཅིག་ལ་སྤར་དུ་བཏབ་པ་ཡིན།། མདོ་འདི་རྒྱག་གི་ཡུལ་ནས
290a5 རྒྱ་གར་གྱི་བན་ཌི་ཏ་གཅིག་དང་། ཐད་ཟ་མ་ཚང་གིས་ཁྱེར་ཏ་རྒྱའི་ཡལ་དུ་བསྒྱུར་རོ།། རྒྱ་ཆེན་པོའི་ཡུལ་དུ་རྒྱས་པར་གྱུར་ཅིང་གནས་པ་ལས། རྒྱལ་པོ་ཆེན་པོའི་བློན་པོ་བྱང་ཆུབ་སེམས་དཔའི་རིགས་སུ་བུང་བ་དད་པ་དང་ཤེས་རབ་དང་། ཏིང
290a6 དང་ལྡན་པའི་གིམ་རྩེ་གོང་ལུནའི་ཆུའི་གཡུའི་ཤཱི་ཟའི་རྩ་ཨུ་དྲག་བོགས་བསྐུལ་ཏེ། ཡུ་གུར་གྱི་བསྟན་པའི་བདག་པོ་པྲཛྙཱ་ཤྲཱིས་ཧོར་གྱི་སྐད་དང་ཡི་གེར་བསྒྱུར་ནས་སྟོང་ཕྲག་གཉིས་སྔར་དུ་བཏག་ཨ་ལིན་ཏི་མུར་ཏའི་སེ་དུས་ཡུ་གུར་གྱི་སྐད་དུ
290a7 བསྒྱུར་ཏེ། སྟོང་ཕྲག་གཅིག་སྔར་དུ་བཏབ་ནས་ཆོས་ཀྱི་སྦྱིན་པ་བྱས་ཏེ། ར་དང་ལུ་གུར་ལ་རྒྱས་པར་བྱས་ཤིང་། ཏིའི་ཧཱུ~ཾ་ཉིད་ཀྱང་སྔོན་ཆད་སོག་པོའི་ཆོས་ལུགས་འཛིན་པ་ལ། ཆོས་འདིའི་བྱིན་རླབས་ཀྱིས་སངས་རྒྱས་ཀྱི་ཆོས་ལ་ཝས
290a8 ཤིང་རབ་ཏུ་བྱུང་ཏེ། འདིའི་ཡོན་ཏན་རྣམས་ཉམས་སུ་མྱོང་བར་གྱུར་པའོ།། སླད་ཀྱིས་མེ་མོ་གླང་གི་ལོ་ལ་ལོ་ཙྪ་བ་མ་ཏི་པ་ལད། ཤྲཱི་ཨཱནནྡ་བཛྲ་ས་གུད་ཐངད་གི་གཙུག་ལག་མང་དུ། བོར་གྱི་སྐད་དང་ཡི་གེར་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ།།




iiif viewer powered by OpenSeadragon

289b - 290b

Texts on this page

Q1028 - sme bdun zhes bya ba skar ma'i mdo