| | e-texts navigator
|
287a1 འདི་མཆོད་ནས་བསྲུང་བ་འདི་གདགས་པར་བྱའོ། ། བར་ཆད་ཐམས་ཅད་ཞི་ནས་དགའ་བབ་རྒྱ་ཆེན་པོ་འཐོབ་པར་འགྱུར་རོ།། གཉིས་པ་ཀྲ་མེན་ཞེས་པའི་སྐར་མའོ།། དེའི་བསྲུང་བའི་འཁོར་ལོ་ནི་འདི་ཡིན་ཏོ།། གླང་གི་ལོ་དང་ཕག་གི་ལ
287a2 པའི་མི་དག་སྐར་མ་འདིའི་རིས་སུ་སྐྱེས་པའོ། ། དེ་ལ་མཆོད་པའི་ཟས་ནི་གྲུས་མ་ཕྲ་མོའོ།། གདོན་དང་བར་དུ་བཅོད་པ་བྱུང་ན་ཆོས་འདི་ལ་མཆོད་ནས་བསྲུང་བ་འདི་ལུས་ལ་གདགས་པར་བྱའོ།། བར་ཆད་ཐམས་ཅད་ཞི་ནས་དགའ་བ་རྒྱ་ཆེན་པོ་འཐོབ་པ།
287a3 འགྱུར་རོ།། གསུམ་པ་ལུ་སུན་ཞེས་པའི་སྐར་མའོ།། དེའི་བསྲུང་བའི་འཁོར་ལོ་ནི་འདི་ཡིན་ནོ།། སྟག་གི་ལོ་དང་ཁྱིའི་ལེ་པའི་མི་དག་སྐར་མ་འདིའི་རིས་སུ་སྐྱེས་པའོ།། མཆོད་པའི་བས་ནི་འབྲས་སོ།། གདོན་དང་བར་དུ་གཅོད་པ་བྱུང་ན། ཆོས་འདི་དག
287a4 མཆོད་ནས་བསྲུང་བ་འདི་གདགས་པར་བྱའོ། ། བར་ཆད་ཐམས་ཅད་ཞི་ནས་དགའ་བ་རྒྱ་ཆེན་པོ་འཐོབ་པར་འགྱུར་རོ།། བཞི་པ་འུན་ཁུ་ཞེས་པའི་སྐར་མའོ།། འདིའི་བསྲུང་བའི་འཁོར་ལོ་ནི་འདི་ཡིན་ནོ།། ཡོས་བུ་ལོ་དང་བྱའི་ལོ་པའི་མི་དག་སྐར་མ་འདིའི
287a5 རིས་སུ་སྐྱེས་པའོ། ། མཆོད་པའི་ཟས་ནི་གྲེའོ།། གདོན་དང་པར་དུ་གཅོད་པ་བྱུང་བ་ན་ཆོས་འདི་ལ་མཆོད་ནས་བསྲུང་བ་འདི་གདགས་པར་བྱའོ།། གདོན་དང་པར་ཆད་ཐམས་ཅད་ཞི་ནས་དགའ་བ་རྒྱ་ཆེན་པོ་འཐོབ་པར་འགྱུར་རོ།། ལྔ་པ་ལིམ
287a6 ཚིམ་ཞེས་བྱ་བའི་སྐར་མའོ། ། དེའི་སྲུང་བའི་འཁོར་ལོ་ནི་འདི་ཡིན་ནོ།། འབྲུག་ཀི་ལོ་པའི་མི་དང་སྤྲེའུ་ལོ་པའི་མི་དག་སྐར་མ་འདིའི་རིས་སུ་སྐྱེས་པའོ།། མཆོད་པའི་ཟས་ནི་བཙ་མའི་འབྲས་བུའོ།། གདོན་དང་པར་དུ་གཅོད་པ་བྱུང་ན་ཆོས་པ་འདི
287a7 ལ་མཆོད་ནས་བསྲུང་བ་ནི་འདི་གདགས་པར་བྱའོ། ། གདོན་དང་། བར་ཅད་ཐམས་ཅད་ཞི་ནས་དགའ་བ་རྒྱ་ཆེན་པོ་འཐོབ་པར་འགྱུར་རོ།། དྲུག་པ་ཝུ་ཁུ་ཞེས་པའི་སྐར་མའོ།། དེའི་བསུང་བའི་འཁོར་ལོ་ནི་འདི་ཡིན་ནོ།། ལུག་གི་ལོ་པ་དང་སྤྲུལ་ཀྱི་ལོ་ཁའི་མི།
287a8 དག་འདིའི་རིས་སུ་སྐྱེས་པའོ།། འདིའི་མཆོད་པའི་ཟས་ནི་སྲན་མ་ནག་པོའོ།། གདོན་དད་པར་དུ་གཅོད་པ་བྱུང་ན། ཆོས་འདི་ལ་མཆོད་ནས་བསྲུང་པ་འདི་ལུས་ལ་གདགས་པར་བྱའོ།། གདོན་དང་བར་ཆད་ཐམས་ཅད་ཞི་ནས་དགའ་བ་རྒྱ་ཆེན
iiif viewer powered by OpenSeadragon
286b - 287b