| | e-texts navigator
|
286a1 བྲམ་བྱིན་ཏེ། འདི་སྐད་དུ་ཡང་བུ་མོ་གཟུགས་བཟང་མོ་འདི་གཞོན་ནུ་སྟ་ག་ནའི་ཆུད་མརུ་དགའ་བའི་སེམས་ཀྱིས་ལོང་ཤིག། དེ་ནས་གདོལ་བའི་རྒྱལ་པོ་ཏྲ་ཤ་ཀུས་བྲལ་དེ་བླངས་ནས་རང་གྲོང་ཁྱེར་དུ་ཕྱིར་ལོག་སྟེ། ཆོས
286a2 དང་ལྡན་པར་ཟགས་པས་རང་གི་རྒྱལ་སྲིད་བསྙུངས་པར་འགྱུར་ཏོ། ། ཡང་དགེ་སློང་དག་བྱེ་དེའི་དེའི་དུས་ན་གདལ་བའི་རྒྱལ་པོ་རྗེ་ཤང་ཀུ་ཞེས་བྱ་བ་དགཞན་ཞིག་ཡེན་སྣ་པ་དུས་མས་ན། དེ་ལྟར་ལྟ་བར་མི་བྱ། དམ་དང་ཚད་འདུས་ན
286a3 གདོལ་བའི་རྒྱལ་པོ་ཏྲེ་ཤར་ཀུ་ཞེས་བྱ་བར་གྱུར་ཏོ། ། ཡང་དེའི་ཚེ་དེའི་དུས་ན་གཞོན་ནུ་སྟག་ན་ཞེས་བྱ་བ་གདོལ་བའི་རྒྱལ་པོ་ཏྲེ་ཤ་དཀུ་ཞེས་བྱ་བའི་བུར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། དེ་ལྟར་བལྟ་བར་མི་བྱ་སྟེ། དགེ་སློང་ཀུན་དགའ་བོ
286a4 འདི་ཉིད་དེའི་ཚེ་དེའི་དུས་ན་གཞོན་ནུ་སྟ་ག་ན་ཞེས་བྱ་བར་གྱུར་ཏོ། ། ཡང་བྱེད་ཅི་དེའི་དུས་ན་བྲམ་ཟེ་པད་མའི་སྙིང་པོ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། དེ་ལྟར་བལྟ་བར་མི་བྱ་སྟེ། དགེ་སློང་ཤ་ར་དྲ་ཏིའི་བུ་དེའི་ཚེ་དེའི་དུས
286a5 ན་བྲམ་ཟེ་པད་པའི་སྙིང་པོ་ཞེས་བྱ་བར་གྱུར་ཏོ། ། ཡང་དེའི་ཚེ་དེའི་དུས་ན་བུ་མོ་གཟུགས་བཟང་མོ་ཞེས་བྱ་བ་བྲམ་ཟེ་པད་མའི་སྙིང་པོའི་བུ་མོར་གྱུར་པ་དེ་གཞན་ཞིག་ཡིན། སྙམ་དུ་སེམས་ན། དེ་ལྟར་བལྟ་བར་མི་བྱ་སྟེ། དགེ་སློང་མ་གཟུག
286a6 བཟང་མོ་འདི་ཉིད་དེའི་ཚེ་དེའི་དུས་ན། པད་མའི་སྙིང་པོའི་བུ་མོར་གྱུར་ཏེ་དེར་བཙུགས་པ་དང་། མཛའ་བའི་རྒྱུས་ད་ལྟར་དགེ་སློང་ཀུན་དགའ་བོ་འགྲོན་རྗེས་སུ་འགྲོ་ཞིང་། འདུག་ན་འདུག་ལ་ཁང་པ་གང་དང་གང་དུ་བསོད་སྙོམས་ལ་ཞུགས་པ་ན།
286a7 དེ་དང་དེར་མི་སྦ་བར་གནས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་གླེང་བཞིའི་རྣམ་པ་འདི་གཉིས་བསྟན་ནས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། སྐྱེ་བ་སྔོན་གྱི་བག་ཆགས་ཀྱིས།། ད་ལྟར་ཡང་ནི་ཅི་ཉིད་དེ།། དེ་ཡིས་བཅུགས་པ་རྒྱ
286a8 གྱུར་པ། ཆུ་ནད་ཞེས་སྐྱེས་ཅི་བཞིན་ནོ།། དེ་ལྟ་བས་ན་དགེ་སློང་དག་འཕགས་པའི་བདེན་པ་བཞི་མངོན་པར་རྟོགས་པ་མངོན་དུ་མ་བྱས་པས་བརྩོན་འགྲུས་དང་མངོན་པར་འབད་པ་དང་། སྤྲོ་བ་དང་། འདུན་པ་དྲག་པོས་ཚིག་དུ་མ་ཡིན་པར
iiif viewer powered by OpenSeadragon
285b - 286b