| | e-texts navigator
|
228b1 ཁྲོས་ནས་སྒོ་གཏན་བླངས་ཏེ། དགྲ་བཅོམ་པ་གདེགས་ནས་བསད་དོ།། དེའི་ཚེ་ཆོས་ལ་དགའ་བའི་གནོད་སྦྱིན་ད་དྷི་མུ་ཁ་ཞོ་གདོད་དེ་མ་ཁ་ཞེས་བྱ་བས་ལག་པར་རྡོ་རྗེ་ཐོགས་ནས་མངོན་དུ་བྱུང་སྟེ། དགེ་སློང་ཨ་གད་ལ་ཅི་སྟེ་དགྲ་བཅོམ་པ་བསད
228b2 ཅེས་ཟེར་ཏེ་རྡོ་རྗེ་ཕྱུང་ནས་བསད་དོ། ། དེའི་དུས་ན་དགེ་སློང་གི་རང་ཅེས་བྱ་བས་མཁན་པོ་ཤི་ཤུ་ཀ་བརྡེགས་ཏེ་བསད་དོ།། དེ་ནས་དེའི་རྗེས་ལ་དགེ་འདུན་རིལ་གྱིས་འཁྲུགས་ནས་གཅིག་གིས་གཅིག་བསད་ད་ཅིག་ཀྱང་མ་ལུས་སོ།། དེའི
228b3 དུས་ན་ནམ་མཁའ་ལ་ལྷ་ཀླུ་ལ་སོགས་པ་ཆོས་ཀྱི་བསྲུངས་མ་ཕལ་པོ་ཆེམ་དགའ་ནས། ངུས་པའི་མཆི་མ་ནི་ཁྲག་དང་མེའི་ཆར་བབ་པོ།། ནམ་མཁའ་དག་ནི་སེར་པོ་དང་ནག་པོར་འགྱུར། གློག་དང་སྒྲ་ཆེན་པོ་བྱུང་། སྐར་མ་དུ་མེ་ཀེ་རུ་ཞེས་བྱ
228b4 བ་ལུས་ལས་དུ་བ་ནག་པོ་གཏོང་བཞིག་བྱུང་ནས། དེས་སྐར་མ་དང་ཟླ་བ་ལ་སོགས་པ་འོད་ཀྱང་མེད། གཅིག་ཀྱང་བལྟར་མི་སྣང་བར་འོད་དོ།། དེའི་དུས་ན་སུམ་བཅུ་རྩ་གསུམ་གནམ་གྱི་ལྷ་དང་། ཡུམ་མ་ཡ་དེ་བའི་ལ་སོགས་པ་འཁོར
228b5 ཕལ་མོ་ཆེ་དང་དེར་འོངས་ནས་དགེ་འདུན་གྱི་གོས་ཚོན་ཅན་རིལ་གྱིས་བསྡུས་ནས་ཁྱེར་བར་འོང་ངོ་། ། དེའི་དུས་ན་རྒྱལ་པོས་འདི་ལྟ་བུའི་ཀུ་ཅོ་སླ་ཆེན་པོ་བྱུང་བ་ཅི་ལས་གྱུར་ཅེས་སྨྲས་པ་དང་། དགེ་འདུན་འཁྲུགས་ནས་གཅིག་གིས
228b6 གཅིག་བསད་པར་གྱུར་ཏོ་ཞེས་གསོལ་པ་དང་། རྒྱལ་པོ་མ་དགའ་སྟེ། ལངས་ནས་ཐོ་རངས་མཁར་གྱི་ཕྱི་རོལ་གྱི་ལྷ་ཁང་དུ་ཕྱིན་པ་དང་། དགེ་འདུན་ལ་ལ་ནི་མགོ་བཅད། ལ་ལ་ནི་མིག་ཕྱུང་། ལ་ལ་ནི་རྐང་ལག་བཅད་དེ། དེ་ལྟར
228b7 ཆགས་སུ་ཤི་བ་མཐོང་ནས། དགྲ་བཅོམ་པ་དང་། ཤྲཱི་ཤུ་ཀ་སྡེ་སཱ་གསུམ་ཤེས་པའི་མཁན་པའི་རོབརྒྱལ་ནས་གཉི་གའི་དི་སྙེད་པ་དང་། མཚན་ཁུང་གཡས་གཡོན་དུ་གཞག་ནས་དགྲ་བཅོམ་པ་ནི་དེའི་བ་ཡིན། ནི་ཤུ
228b8 ནི་ཆོས་ཀྱི་མཛོད་ཡིན། འདི་གཉིས་འདས་པར་གྱུར་པ་ནི་དཕྱིན་ཅང་ངའི་ལུས་དང་སྲོག་ཀྱང་གཅེས་པ་མེད། རྒྱལ་སྲིད་ཀྱང་སུ་འདོད་པ་ལ་སྦྱིན་ནོ་ཞེས་སྨྲས་པ་དང་། མིག་ཀྱང་ལྡོངས་ཏེ་མི་སྣང་བར་གྱུར་ཏོ།། དེའི་དུས་ན་རྨོནས
iiif viewer powered by OpenSeadragon
228a - 229a