| | e-texts navigator
|
227b1 ནི་སྡིག་པ་འབྱང་རྡོ་ཐོག་གོ་ཞེས་གསོལ་པ་དང་། རྒྱལ་པོ་ཡང་བགྱེས་ནས་དགེ་སློང་ཤི་ཥྱ་ཀ་ཡང་འགུགས་པ་བཏང་ནས་རྒྱལ་པོའི་དྲུང་དུ་འོངས་སོ།། དེ་ནས་མཁན་པོ་ཤི་ཥྱཿ། ལ་རྒྱལ་པོས་ཕྱག་བྱས་ཏེ། མཁན་པོ་བདག་གིས་སྡིག་པ་བྱས་པ
227b2 རྣམས་ཀྱིས་འབྱུང་བར་འགྱུར་ཞེས་གསོལ་བ་དང་། མཁན་པོས་སྨྲས་པ། རྒྱལ་པོས་ཆེན་པོ་དཀོན་མཆོག་གསམ་ལ་ལོ་བཅུ་གཉིས་ཀྱི་བར་དུ་མཆོད་ཅིང་སྟབསས་སོང་ན་སྲེག་པ་རྣམས་འབྱུང་བར་འགྱུར་རོ་ཞེས་སྒྲུབ་པ་དང་། དེནས
227b3 རྒྱལ་པོ་དུ་སྨྲས་ཧསྙས་པོ་ཉ་མང་པོ་ཕྱོགས་བཅུར་བཏང་ཏེ། འཇམ་བུའི་གླིང་ན་དགེ་སློང་འདུག་གཅོག་བཀྲུག་ཏེ། འདམ་པའི་སེང་གི་དགེ་སློང་རིལ་པོ་འོངས་ཏེ། ཆུ་བོ་གང་གཱའི་ཕ་རོལ་ཡུལ་ཀོ་འུ་ཤམ་པའི་རྒྱལ་པོ་དྲསྲས་ཧས་ལེགས
227b4 གལ་བ་དེར་བསྡུས་པས་འཛམ་བུའི་གླིང་གི་ཡུལ་ཁམས་གཞན་ན་ཆོས་སྤྱོད་པ་དང་། དགེ་སློང་དག་མེད་པར་གྱུར་ཏོ།། དགེ་སློང་བསྡུས་པ་དེའི་ཚེ་ན་ལམ་དུ་དགེ་སློང་གྱག་ཅིང་ཆུད་ཟོས་པ་ཡང་མེད་སྟེ། རྒྱལ་པོའི་ཕོ་བྲང་དུ་ནི་འབུམ་ཙམ
227b5 ཞིག་ཕྱིན་པར་གྱུར་ཏོ། ། དགེ་སློང་ལམ་དུ་གྱག་ཅིང་ཆུད་ཟོས་པ་ཡང་གཅན་ཟན་སྣ་ཚོགས་དང་། མི་རྒོད་དང་། ཆུ་ལ་སོགས་པས་ཕལ་ཁྱེར་ཏེ། ཆུད་ཟོས་སོ།། དགེ་འདུན་མང་པོ་ཕྱིན་པ་དང་། རྒྱལ་པོས་མཆོད་སྟོན་དྲངས། ཡོར་ཕུལ
227b6 ཏེ་མཆོད་པ་བྱས་སོ། ། དེའི་ཚེ་དགེ་འདུན་རྣམས་གཅིག་ལ་གཅིག་གཏམ་ཏུ་སྨྲས་པ། ཁྱེད་ཀྱི་མཁན་པོ་ག་རེ། སློབ་མ་གར་སོང་། གྲོགས་པོ་ཁྲིམས་ཟླ་ག་རེ་ཞེས་སོ་སོར་གཏམ་ཏུ་གླེངས་པ་དང་། སྟག་དང་། སེང་གེ་དང་། མི་རྒོད
227b7 གྱིས་བསང་བ་དང་། ཆུས་ཁྱེར་བ་དང་། ནད་ཀྱིས་བཏབ་ནས་ཤི་བ་ལ་སོགས་པའི་གཏམ་བྱས་ནས་དགེ་སློང་སོ་སོ་ནས་མྱ་ངན་ལངས་ཏེ། དུད་མོས་འདེབས་ཏེ། བྲང་རྡུང་ངོ་།། དེ་ནས་དེའི་ཚེ་རྒྱལ་པོས་མྱ་ངན་མ་བགྱི་དམ་ཏུ་ཞེས་བསྒོ་བ
227b8 དང་། དགེ་འདུན་རྣམས་མཉན་པ་དང་། རྒྱལ་པོ་ཡང་མི་དགའ་ནས་ཁ་ཕྱོགས་ཏེ་ཉལ་ལོ།། ཉལ་བའི་ཚེ་སྨོན་ལམ་དུ་བཏབ་པ། གང་ཟག་གི་དགེ་འདུན་ལ་ནི་སྐྱབས་སུ་སོང་ནས་མཆོད་པ་བྱས་ན། བདག་གིས་དགྲ་བཅོམ་པའི་ཞལ་མ
iiif viewer powered by OpenSeadragon
227a - 228a