e-texts navigator
Collection
Volume
Page
Wylie

227a1 བཅས་ཏེ། རྒྱལ་པོ་མ་ཧེ་ན་དྲས་ན་ཡུལ་དུ་དྲངས་པ་ལས། ཡུལ་དུ་དམག་ཕལ་མོ་ཆེ་བྱུང་བས། རྒྱལ་པོ་སྙིང་མི་དགའ་སྟེ། མྱ་ངན་བྱེད་ཅིང་འདུག་པ་ལ་བུ་དུ་སྤྲས་ཧ་སྟས་ཕལ་དྲིས་པ། ཡག་འདི་ལྟར་ཐུགས་མི་བགྱེས
227a2 པ་ཅི་ལས་གྱུར་ཅེས་ཞུས་པ་དང་། ཕན་རེ་རྒྱལ་པོ་གསུམ་གྱི་དམག་བྱིན་ཆེན་པོ་བདག་ཅག་གི་ཡུལ་དུ་བྱུང་བས་མི་དགའ་ཞེས་སྨྲས་པ་དང་། བུས་སྨྲས་པ། ཡབ་མི་བགྱེས་སུ་མ་མཛད་ཅིག།། དམག་འདི་བདག་གིས་ཐུབ་པར་བགྱིའོ།། ཞེས་བརྩེ
227a3 བ་དང་། ཕ་ན་ར་ལེགས་སོ་ཞེས་སྨྲས་ནས། བུ་དང་བློན་པོའི་བུ་ཡ་མཚན་ཅན་ལྔ་བརྒྱ་ལ་སོགས་ཏེ། དམ་གཉིས་འབུམ་བཅས་ཏེ་བཏང་བ་ཐབ་མོ་བྱས་པའི་ཚེ། སྨིན་མཚམས་ན་ལྕགས་ཀྱི་རྨེ་བ་ཡོད་པ་བསྐྱེད་ནས་ལུས་རིལ་ལྕགས་སུ་བྱས་ནས་རབ
227a4 ཏུ་ཁྲོས་ནས་བརྒོལ་བ་དང་། དུ་སྨ་ས་ཧ་སྟའི་དམག་རྒྱལ་ཏེ་ཕྱིར་ལོག་པ་དང་། ཕ་ན་རེ་བ་ཁྱོད་ཀྱིས་རྒྱལ་པོ་གསུམ་གྱི་དམག་འདི་ལྟ་བུ་དང་ཐབ་མོ་བྱས་པ་ལས་རྒྱལ་བ་ལགས་སོ།། དབྱིན་ཆད་ཁྱོད་ཀྱིས་རྒྱལ་སྲིད་ཟུང་ཤིག། ད་ནི་འབྱུང་རོ་ཞེས
227a5 བསྒོ་ནས་རྒྱལ་སྲིད་ཀྱང་བུལ་བྱིན་ནོ། ། དེ་ནས་ལོ་བཅུ་གཉིས་ཀྱི་བར་དུ་རྒྱལ་པོ་གསུམ་གྱི་དམག་དང་འཐབས་པ་ལས་དམག་དཔོན་ཡང་རིལ་གྱིས་བཏུབས། རྒྱལ་པོ་གསུམ་ཡང་བཟུང་ནས་མེད་པར་བྱས་སོ།། དེ་ཚུན་ཆད་འཛམ་བུའི
227a6 གླིང་གི་རྒྱལ་པོ་ཆེན་པོ་བྱས་པར་གྱུར་ཏོ། ། དེ་ནས་རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ད་འཛམ་བུའི་གླིང་གི་རྒྱལ་པོ་ཆེན་པོ་བྱེད་པ་ནི་དགའ་ན། གུད་ན་མི་དགའ་བ་ཞིག་ཀྱང་ཡོད་ཅེས་སྨྲས་པ་དང་། བློན་པོ་རྣམས་ཀྱིས་སྨྲས་པ། ཅི་མི
227a7 བགྱིས་ཞེས་ཞུས་པ་དང་། སེམས་ཅན་མང་པོ་འདི་སྙེད་ཅིག་བསང་བ་སྡིག་པ་ཆེ་བས། མི་དགའ་ན། སྡིག་འདི་ཇི་ལྟ་བུ་ཞིག་དུ་བྱས་ན་འབྱད་པར་འགྱུར་ཞེས་སྨྲས་པད་བློན་པོ་རྣམས་ཀྱིས་གསོལ་པ། ཡུལ་པ་ཊ་ལི་ཕུ་ཏྲ་སྟེ་དམར་བུ་ཅན་ཞེས་བྱ་བ
227a8 ན་ཆོས་ཀྱི་མཁན་པོ་སྡེ་སྣོད་གསུམ་ལ་མཁས་པ། བྲམ་ཟེ་ཨ་ག་ནེ་ཏ་ཏི་པུ་ཏྲ་སྟེ་མེས་བྱིན་གྱི་བུ་ཞེས་བྱའོ།། མིད་ནི་ཤི་ཥྱ་ཀ་སྟེ། སློབ་མ་ཅན་ཞེས་བགྱི་བཞིག་དགོན་པའི་གནས་ན་གནས་པ་དེ་སྤྱན་དྲངས་ནས་མཆོད་བཀུར་བགྱིས།




iiif viewer powered by OpenSeadragon

226b - 227b

Texts on this page

Q1025 - 'phags pa zla ba'i snying pos zhus pa'i mdo las sangs rgyas kyi bstan pa gnas pa dang 'jig pa'i tshul lung bstan pa