e-texts navigator
Collection
Volume
Page
Wylie

226b1 བན་དང་། ཁ་ལྕི་ཀ་དང་། ཤ་ཀུ་ན་དང་། འདི་གསུམ་དམ་པའི་ཆོས་མི་སྤྱོད། དམག་འདྲེན་ཅིང་གཡུལ་འགྱེད་དེ། ནུབ་དང་བྱང་གི་ཡུལ་ཁམས་མང་པོ་ཞིག་འབེབས་པར་བྱེད་དེ། དེ་ནས་ཡུལ་ཁམས་དེའི་མཆོད་རྟེན་དང་གཙུག
226b2 ལག་ཁང་ལ་སོགས་པ་ཡང་བཤིག་ཅིང་མེས་སྲེགས་ཏེ། དགེ་འདུན་གྱི་ཡོ་བྱད་དང་། དཀོན་མཆོག་གསུམ་གྱི་དགོར་ལ་སོགས་པ་ཡང་ཐོགས་ཤིང་བཅོམ་སྟེ། རྒྱལ་པོ་འདི་གསུམ་ཅིག་ལ་ཅིག་སྣོད་པ་སྣ་ཚོགས་ཀྱིས་ཐབ་མོ་བྱེད་དེ།
226b3 གསུམ་ཅར་གྱི་རྒྱལ་སྲིད་མི་བདེ་བར་འགྱུར་རོ།། དེའི་རྗེས་ལ་རྒྱལ་པོ་དེ་གསུམ་ནད་སྲིད་ཅིག་ཏུ་བྱས་ནས་དམག་མང་པོ་འདུས་ཏེ་རྒྱ་གར་གྱི་ཡུལ་ཆུའོ་གང་གཱའི་ཚུ་རོལ་འགན་དར་དང་། མདྷ་དྷེ་ཤ་ལ་སོགས་པའི་ཡུལ་ཕྲོགས་ནས
226b4 བཟུང་། དེའི་དུས་ན་ཆུ་བོ་གང་གཱའི་ཕ་རོལ་ལྷོ་ཕྱོགས་ཀྱི་རྒྱུད་ན། ཡུལ་ཀེའུ་ཤམ་བྷི་ཞེས་བྱ་བའི་རྒྱལ་པོ་མ་ཧེ་ན་དྲ་སེ་ན་ཞེས་བྱ་བ་དེ་ལ་སྲས་ཞིག་བཙས་ཏེ། དེའི་མིང་ནི་དུ་སྥ་ས་ཧསྟ་ཞེས་བྱ་སྟེ། སྨིན་མཚམས་ན་ལྕགས་ཀྱི་སྨེ་བ་ཞིག་ཡོད་པ
226b5 ལག་པ་གྲུ་མོ་མན་ཆད་ཁྲག་གིས་བསྐུས་པ་ཞིག་འབྱུང་ངོ་། ། དེ་དང་དུས་གཅིག་ཏུ་རྒྱལ་པོ་དེའི་བློན་པོ་ལྔ་བརྒྱ་ལ་ཡང་ཁྱེའུ་ལྔ་བརྒྱ་བ་ཙ་སྟེ། དེ་རིལ་ཡང་ལག་པ་ཁྲིག་པ་མན་ཆད་ཁྲག་ཅན་དུ་གྱུར་སྟེ། དེའི་དུས་ན་རྒྱལ་པོའི་རྟ་ལ་རྟེའུ
226b6 སྨྲ་ཤེས་པ་ཅིག་སྐྱེས་ཏེ། རྒྱལ་པོ་དང་། བློན་པོའི་བུ་དང་། རྟེའུ་སྨྲ་ཤེས་པ་སྐྱེས་པའི་ནུབ་མོ་ཡང་ནམ་མཁའ་ལས་ཁྲག་གི་ཆར་པ་བབ་ནས། རྒྱལ་པོ་མ་ཧེ་ན་གྲ་སེ་ནས་དྲང་སྲོང་གི་མཁན་པོ་ལྔ་མངོན་པར་ཤེས་པ་ཞིག་ལ་བདག
226b7 ཅག་འཁོར་གྱི་བུ་དང་། རྟ་ལ་ཡ་མཚན་འདི་ལྟ་བུ་བྱུང་བ་དང་། ཁྲག་གི་ཆར་པ་བབ་པ་འདི་ཅིའི་བལྟས་ཞེས་སྨྲས་པ་དང་། དྲང་སྲོང་ན་རེ་ཁྱོད་ཀྱི་བུས་འཛམ་བུའི་གླིང་གིས་བཞི་འདི་མིའི་ཁྲག་གིས་གཤར་བར་བྱེད་པར་འགྱུར་རོ། དེའི་འོག་ཏུ་ཁྱོ།
226b8 ཀྱི་བུ་འཛམ་བུའི་གླིང་གི་རྒྱལ་པོ་ཆེན་པོ་བྱེད་པར་འགྱུར་རོ།། ཞེས་སྨྲས་སོ།། རྒྱལ་བུ་དེ་ཐོག་མ་བཙས་ནས་ལོ་བཅུ་གཉིས་ལོན་པ་དང་། དེའི་ཚེ་རྒྱལ་པོ་ཡབ་ན་དང་། བ་ལྕི་ཀ་དང་། ཤ་ཀུན་གསུམ་འདུས་པའི་དམག་སུམ་འབུམ་རྒྱལ་པོ་དང




iiif viewer powered by OpenSeadragon

226a - 227a

Texts on this page

Q1025 - 'phags pa zla ba'i snying pos zhus pa'i mdo las sangs rgyas kyi bstan pa gnas pa dang 'jig pa'i tshul lung bstan pa