e-texts navigator
Collection
Volume
Page
Wylie

226a1 སེམས་ཅན་ཆོས་སྤྱོད་པ་རྣམས་ཀྱང་ཆོས་ཀྱི་གཞུང་བཞིན་མི་སྤྱོད།། བརྩོན་འགྲུས་ཚུངས་པས་གྲུབ་པ་ཉུང་བར་འགྱུར།། འདོག་བཞི་དང་བཞི་ལས་གྱུར་པ་ཡང་འབྲེ། དྲི་དང་། རོ་ལ་སོགས་པ་ཡང་ཆུང་བར
226a2 འགྱུར་རོ། ། མི་ནང་དང་། ཕྱུགས་ནང་དང་། མུ་གེ་ཡང་འབྱུང་བར་འགྱུར་རོ།། ལོ་ཉིས་བརྒྱར་ནི་དགེ་སློང་ཡང་ཆོས་བཞིན་མི་སྤྱོད། འཇིག་རྟེན་གྱི་ཁེ་དང་གྲགས་པ་ཚེལ།། སྙིང་རྗེ་ཆུང་ཞིང་ཁྲིམས་ལ་མི་གནས། དམ་པའི་ཆོས་ཚུལ
226a3 བཞིན་སྤྱོད་པ་རྣམས་ལ་ནི་གླན་ཀ་ཚལ་ཞིང་བསྐུར་བ་འདེབས། ལོངས་སྤྱོད་དང་ཡོ་བྱད་འཕྲོག། འཇིག་རྟེན་གྱི་རྒྱལ་པོའི་གསངལ་བརྟེན་ཅིང་རྒྱལ་སིད་འཛིན། རྒྱལ་པོའི་ཕྲིན་པའི་ཕོ་ཉར་རོ་འཕྲལ་ཚལ་ཞིང་འགྲོ།། རྒྱལ་པོ་དང་།
226a4 འབངས་སྲིད་འཁྲུག་པའི་དབྱེན་བྱེད། ཉོ་ཚོང་དང་ཁེ་བོགས་བྱེད། ཐབས་ཚོལ་དམ་པའི་ཆོས་སྤྱོད་པ་ཡང་སྙིང་ནས་ཉམས་སུ་བླངས་ཏེ་མི་སྤྱོད་ཀྱི་ཕལ་ཆེར་ཁ་གསག་དང་། འཕྲལ་གྱི་ཚུལ་འཆོས་པའི་ཡ་མ་རླ་བྱེད་དེ། དེའི་དུས་ན་ཆོས
226a5 ལ་དགའ་བའི་ལྷ་དང་། ཀླུ་ཐམས་ཅད་ཀྱི་རྒྱལ་ཁམས་ཀྱི་དགེ་སློང་འདི་ལྟར་སྤྱོད་པའི་ས་གཞི་བོར་ཏེ་མི་གནས་ཤིང་། བདུད་ཀྱི་རིས་ལ་སོགས་པ་ཆོས་ཀྱི་བགེགས་ཀྱི་རིས་རྣམས་དེར་འབྱུང་སྟེ། མཐུ་དང་སྟོབས་སྐྱེ་བར་འགྱུར། རྒྱལ་པོ་དང་བློན
226a6 པོ་ལ་སོགས་པ་དང་བ་འབྲི། དགེ་སྡིག་གི་དམིགས་མི་ཕྱེད། དམ་པའི་ཆོས་ལ་རྨ་འབྱིན། དཀོན་མཆོག་གསུམ་གྱི་དཀོར་དང་། དགེ་འདུན་གྱི་རྫས་ལ་སྤྱོད་ཅིང་རྐུ་འཕྲོག་བྱེད་དེ་སྡིག་ལ་མི་འཛེམ། གཟུགས་བརྙན་དང་མཆོད་རྟེན་རྣམ
226a7 ཁང་གྱིས་བཤིག། མཆོད་པའི་ཡོ་བྱད་པྲི། དེའི་ཚེ་དམ་པའི་ཆོས་མ་ནོར་བར་སྤྱོད་པ་དགེ་སློང་དང་། ཁྱིམ་པ་འགའ་འགྲའ་ཙམ་གནས་པ་དེའི་བསོད་ནམས་ཀྱིས་ཡུལ་ཕྱོགས་སུ་ཆར་ཆུ་དུས་སུ་འབབ་ཅིང་ལོ་ལེགས། མི་རྒྱགས
226a8 ལ་ནང་ཉུང་ཞིང་ཡུལ་བདེ་བ་དག་ཀྱང་བར་འགའ་འབྱུང་། དེ་ལྟ་བུ་མི་གནས་པ་ཕལ་ཆེར་ནི་སྡུག་བསྔལ་མི་བདེ་བ་སྣ་ཚོགས་འབྱུང་། དེའི་དུས་སུ་རྒྱ་གར་དང་། རྒྱ་མ་ཡིན་པའི་རྒྱལ་པོ་ཆེན་པོ་གསུམ་འབྱུང་སྟེ། གསུམ་ལ། ཡ།།




iiif viewer powered by OpenSeadragon

225b - 226b

Texts on this page

Q1025 - 'phags pa zla ba'i snying pos zhus pa'i mdo las sangs rgyas kyi bstan pa gnas pa dang 'jig pa'i tshul lung bstan pa