| | e-texts navigator
|
225b1 སྔ་མ་འདས་པའི་སངས་རྒྱས་མྱ་ངན་ལས་འདས་ནས་དགུང་ལོ་བདུན་ལགས་ནས་དམ་པའི་ཆོས་ཀྱི་གཟུགས་བརྙན་ནུབ་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི་ཆོས་ཇི་ཙམ་གྱི་བར་དུ་གནས་པར
225b2 འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩམ་པ། འདི་ལྟ་བུའི་ཐེ་ཙོམ་ཞུས་པ་ལེགས་སོ།། ལེགས་པར་ཉེན་ཅིག་དང་། ངས་བཤད་པར་བྱའོ།། དམྱ་ངན་ལས་འདས་ནས་དམ་པའི་ཆོས་ཀྱི་གཟུགས་བརྙན་ལེ་ཉི་སྟོང་དུ་གནས
225b3 པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་ཟླ་བའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་དམ་པའི་ཆོས་འདི་ཐ་མར་ཇི་ལྟར་ནུབ་པར་འགྱུར། ཆུ་ཅི་ལས་ཉམས། སྲས་མ་མཆིས་པར་བགྱིད། བཀའ་སྩལ་པ། མྱ་ངན་ལས་འདས་པའི་འོག་ཏུ
225b4 ལོ་ལྔ་བརྒྱའི་བར་དུ་ངའི་བསྟན་པ་ལ་སྤྱོད་པའི་སེམས་ཅན་རྣམས་གྲོལ་བ་མང་དུ་འགྱུར་རོ། ། དེ་ནས་ལོ་ལྔ་བརྒྱའི་བར་དུ་ཏིང་ངེ་འཛིན་ལ་སྤྱོད་པ་མང་དུ་འགྱུར་རོ།། རྒྱལ་པོ་དང་བློན་པོ་དང་། སེམས་ཅན་ཕལ་རྣམས་ཀྱང་དམ་པའི་ཆོས་ལ
225b5 དད་ཅིང་སྤྱོད་པ་ཡང་ཕྱིར་ཞིང་ཉུང་བར་འགྱུར་རོ། ། དེ་ནས་ལོ་ལྔ་བརྒྱའི་བར་དུ་དམ་པའི་ཆོས་སྟོན་ཅིང་སེམས་ཅན་འདྲེན་པ་དང་། ཐར་པར་བྱེད་པའི་སློབ་དཔོན་མང་དུ་འབྱུང་ངོ་།། ཉན་ཐོས་དགྲ་བཅོམ་པ་ནི་ཉུང་བར་འགྱུར་རོ།། རྒྱལ་པོ་དང
225b6 བློན་པོ་དང་། སེམས་ཅན་ཕལ་རྣམས་ཀྱང་ཉན་པ་ཙམ་དུ་ཟད་དེ། ཉམས་སུ་ལེན་ཅིང་སྤྱོད་པ་འམ། བརྩོན་འགྲུས་ནི་མི་བྱེད་དེ། དད་པ་འབྲི་བར་འགྱུར་རོ།། དམ་པའི་ཆོས་ཀྱི་བསྲུངས་མ་རྣམས་ཀྱང་མི་དགའ་བར་འགྱུར་ཏེ། དམ་པའི་ཆོས
225b7 ལ་མ་དང་པའི་སེམས་ཅན་རྣམས་ནི་སྔོན་པས་མཐུ་སྟོབས་སྐྱེ་བར་འགྱུར་རོ། ། འཛམ་བུའི་གླིང་གི་མིའི་རྒྱལ་པོ་རྣམས་ཀྱང་ཕན་ཚུན་ཅིག་ལ་གཅིག་དམག་འ་དྲེན་ཅིང་འཁྲུག་པར་འགྱུར་རོ།། བདུད་ཀྱི་རིས་ཀྱང་འཕེལ་བར་འགྱུར་རོ།།
225b8 དེ་ནས་ཡང་ལོ་ལྔ་བརྒྱའི་ཆེ་ལོ་སུམ་བརྒྱར་ནི་དམ་པའི་ཆོས་ལ་གནས་པའི་ལྷ་ཀླུ་ལ་སོགས་པ་སེམས་ཅན་བསྲུངས་མ་རྣམས་མི་གནས་ཤིང་དམ་པའི་ཆོས་གང་དུ་དར་བར་འགྲོ་བར་འགྱུར།། སེམས་ཅན་ཆོས་ལ་མ་དད་པར་འགྱུར།
iiif viewer powered by OpenSeadragon
225a - 226a