e-texts navigator
Collection
Volume
Page
Wylie

225a1 འཕགས་པ་ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས། སངས་རྒྱས་ཀྱི་བསྟན་པ་གནས་པ་དང་འཇིག་པའི་ཚུལ་ལུང་བསྟན་པ། སྔོན་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རི་ཁ་རྟི་རྟག་གི་སྟེར་ན་བཞུགས་ཏེ། དེའི་ཚེ་ཕྱོགས
225a2 བཅུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་དང་བཅས་པ་དང་། དགྲ་བཅོམ་པ་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ནམ་མཁའ་ལྡིང་དང་། བདུད་སྡིག་ཅན
225a3 ལ་སོགས་པ་མཐུ་བོ་ཆེ་ཐམས་ཅད་ཚོགས་པ་དེའི་དུས་ན་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞལ་གྱི་སྨན་མཚམས་ནས་འོད་ཟེར་ཤར་གྱི་ལུས་འཕགས་དང་། ལྷའི་འཛམ་བུའི་གླིང་དང་། ནུབགྱི་བ་གླང་སྤྱོད་དང་། བྱང་གི་སྒྲ་མི་སྙན་དང་།
225a4 གླིང་འདི་བཞིར་འོད་ཟེར་ཀུན་དུ་ཁྱབ་པར་བཀྲམ་སྟེ། འོད་ཟེར་བཏང་བ་དེའི་ཚེ་རི་རབ་ལ་སོགས་པ་རེ་ཆེན་པོ་དང་། རི་དང་ནགས་ཚལ་དང་། སྨན་ལྡོང་། རི་སུལ། གྲག་གྲོག་ཀུན་ལ་ཡང་སྣང་བར་མཉམ་སྟེ། ལག་མཐི་ལ་དང་འདྲ་བར་གླིང་བཞི་བཅར
225a5 སྣང་བས་གསལ་བར་གྱུར། འོད་ཟེར་དེ་དག་ལས་སངས་རྒྱས་ཀྱི་སྐུ་གཟུགས་ཁ་དོག་དང་དབྱིབས་སྣ་ཚོགས་འོད་དང་བཅས་པ་ཕལ་པོ་ཆེ་བྱུང་བ། བྱང་ཆུབ་སེམས་དཔའ་དང་། ལྷ་དང་། ཀླུ་ལ་སོགས་པ་སེམས་ཅན་མང་པོ་ཀུན་གྱིས
225a6 མཐོང་སྟེ་ངོ་མཚར་དུ་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་བེ་ཤ་ར་མ་ན་ལ་སོགས་པ་རྒྱལ་པོ་ཆེན་པོ་བཞིས་གསོལ་པ། འོད་ཟེར་འདི་ལྟ་བུས་དེ་ཅིའི་དོན་ཏུ་མཛད་པ་ལགས། ཞེས་ཞུས་པ་ལས། བཅོམ་ལྡན་འདས་ཀྱིས
225a7 བཀའ་སྩལ་པ། ར་མྱ་ངན་ལས་འདས་པའི་འོག་ཏུ་གླིང་བཞིར་ངས་གསུངས་པའི་དམ་པའི་ཆོས་ཀྱི་གསུང་རབ་དང་། རིང་སྲེལ་དང་། གཟུགས་བརྙན་འདི་ལྟ་བུ་དག་འབྱུང་སྟེ། འདི་ཁྱེད་ཀྱི་ལག་ཏུ་གཏད་ཀྱིས་བསྲུངས་ཤིག། དེ་ནས་བཅོམ
225a8 ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཟླ་བའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་བུའི་ཐུགས་རྗེ་ཆེན་པོས་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི་ཆོས་རྒྱལ་པོ་ཆེན་པོ་དག་ལ་གཏང་བཞིན་དུ་ངོ་མཚར་ཏོ།།




iiif viewer powered by OpenSeadragon

224b - 225b

Texts on this page

Q1025 - 'phags pa zla ba'i snying pos zhus pa'i mdo las sangs rgyas kyi bstan pa gnas pa dang 'jig pa'i tshul lung bstan pa