| | e-texts navigator
|
203a1 ཞིང་ཚད་མེད་མཐའ་ཡས་བསམ་གྱིས་མི་ཁྱབ་པའི་རྡུལ་ཕྲ་རབ་སྙིང་དུ་གྲགས་ཤིང་། སེམས་ཅན་གྱི་དོན་དུ་བྱམས་པ་དང་སྙིང་རྗེ་ཆེན་པོ་སྤྱོད་པས་དྲིན་ཤེས་པ་དང་། དྲན་བསབ་པ་འདི་ནི་བསམ་གྱིས
203a2 མི་ཁྱབ་པོ། ། དེ་ལྟར་མཚན་དང་དཔེ་བྱད་བཟང་པོ་དེ་དག་རེ་རེས་ཀྱང་སོ་སོའི་སྐྱེ་བོ་ཚད་མེད་གྲངས་མེད་པ་བྱེ་བ་བརྒྱ་སྟོང་གིས་ས་ཆེན་པོའི་རྡུལ་ཕྲ་རབ་སྙེད་ལ་ཕན་པ་དང་བདེ་བའི་དོན་བྱས་ནས་བྱང་ཆུབ་ཏུ་སེམས་སྐྱེད
203a3 དུ་བཅུག་གོ། དེ་ལྟར་མཐར་གྱིས་བསྒྲུབ་པ་ཡོངས་སུ་རྫོགས་ནས་མཚན་དང་དཔེ་བྱད་བཟང་པོ་རྣམ་གཉིས་ཐོབ་སྟེ། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་སོང་སྟེ། བདུད་ཀྱི
203a4 དཔུང་རྣམས་བཏུལ་ཏེ་མངོན་པར་སངས་རྒྱས་ནས། ཡང་དག་པར་ཆོས་ཀྱི་འཁོར་ལོ་བསྐོར་ཏོ།། སོ་སོའི་སྐྱེ་བོ་ལ་ཕན་པ་དང་བདེ་བའི་དོན་དུ་འདོད་པའི་ཆུའི་ཀླུང་ལས་བསྒྲལ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི
203a5 འགྲམ་དུ་བཀོད་དེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་ཡོངས་སུ་རྫོགས་པར་བྱས་སོ།། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སོགས་ཏེ
203a6 འཁོར་མང་པོ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་དག་ཁྱེད་རྣམས་ལ་སུ་ཞིག་སངས་རྒྱས་ཀྱི་བཀའ་དྲིན་རྟག་ཏུ་གཟོ་ཞིང་དམ་པའི་ཆོས་བསྲུང་བའི་ཕྱིར་ཐབས་མཁས་པ་ཆེན་པོ་དྲིན་ལན་བས
203a7 པའི་མདོ་སྡེ་ཤིན་ཏུ་ཟབ་མོ་འདི་གླེགས་བམ་དུ་བྲི་བ་དང་། ཀློག་པ་དང་། ཁ་ཏོན་བྱེད་པར་འགྱུར། སུ་ཞིག་གིས་ཕྱི་མའི་དུས་ངན་པའི་ཚེ་བརྩོན་འགྲུས་ཆེན་པོ་བསྐྱེད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང
203a8 ཆུབ་འདི་སྲུང་ཞིང་གཟུངས་སུ་འཛིན་པར་འགྱུར། སུ་ཞིག་གིས་ཚེས་བསྲུང་བའི་ཕྱིར་མདོ་སྡེ་འདི་རྒས་པར་སྤེལ་ཞིང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་བྱེད་པར་ནུས་ཤེས་བཀའ་སྩལ་པ
iiif viewer powered by OpenSeadragon
202b - 203b