e-texts navigator
Collection
Volume
Page
Wylie

202b1 པས་དེའི་རྒྱས་སོ་ཐགས་བཟང་བ་དང་། མིག་མཐོན་འབྲིང་དུ་འདུག་པ་དང་མིག་ལྡུ་མཆོག་ག་རྒྱལ་བ་ལྟ་བུའི་མཚན་ཐོབ་བོ།། དགེ་བའི་ཆོས་སྒྲུབ་པ་ལ་སྐྱོ་ཞིང་དལ་བའི་སེམས་མེད་པ་མཚན་ལྷག་མ་གཞན་རྣམས་ཐོབ་གོ།། ཁྱང
202b2 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་ཉིད་ལ་སྤྱོད་ཅིང་གནས་པའི་ཚེ་མཚན་སུམ་བཅུ་རྩ་གཉིས་ཀྱི་ལས་བྱེད་དོ། ། རྣམ་པར་དག་པའི་སྤྱོད་པ་ལ་གནས་པའི་ཚེ་མཚན་སུམ་བཅུ་རྩ་གཉིས་ཡོད་མོད་ཀྱི་ཡོངས་སུ་རྫོགས
202b3 པ་འམ། གསལ་བ་མ་ཡིན་ནོ།། སྤྱོད་པ་བཅུ་གསུམ་པ་ལ་གནས་པ་ན་མཚན་རྣམས་ཀྱང་མངོན་པར་གསལ་བར་ཡོངས་སུ་རྫོགས་སོ།། སངས་རྒྱས་ཀྱི་ཆོས་ཀྱི་མཚན་གྲངས་མེད་མོད་ཀྱི་སེམས་ཅན་རྣམས་ལ་མི་མཐུན་ཏེ། རབ
202b4 དང་འབྲང་དང་ཐ་མ་ཡོད་པས་བསམ་གྱིས་མི་ཁྱབ་པས་ན་དེ་བས་ན་སངས་རྒྱས་ཀྱིས་མཚན་བཟང་པོ་སུམ་བཅུ་རྩ་གཉིས་གསུངས་སོ། ། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཇི་ཙམ་ཡོད་པ་ཕྱགས་གཅིག་ཏུ་བསྡུས
202b5 ཏེ་སྤུངས་ནས་དེ་བཞིན་གཤེགས་པའི་བ་སྤུ་ཅིག་གི་མཚན་དང་མཉམ་མ། ། བ་སྤུའི་ཁུང་བུ་ཐམས་ཅད་ཀྱི་བསོད་སྙོམས་ཇི་སྙེད་ཅིག་ཡོད་པ་ཅིག་ཏུ་བསྡུས་ཏེ་སྤུངས་ན་དཔེ་བྱད་བཟང་པོ་ཅིག་དང་མཉམ་མོ།། དཔེ་བྱད
202b6 བཟང་པོ་ཇི་ཙམ་ཡོད་པའི་བསོད་ནམས་ཇི་སྙེད་ཡོད་པ་དེ་ལས་བརྒྱ་འགྱུར་དུ་བྱས་ན་མཚན་གཅིག་དང་མཉམ་སྟེ། སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་མཚན་དང་། སྤྱི་གཙུག་ལྟར་མི་གནང་བའི་མཚན་ནི་མ་གཏོགས
202b7 དེ་མ་ཡིན་པ་མཚན་གཞན་ཐམས་ཅད་གཅིག་ཏུ་བསྡུས་ཏེ། སྟོང་འགྱུར་དུ་བྱས་ན་མཚན་གོང་མ་གཉིས་སུ་འགྱུར་རོ།། མཚན་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུ་པའི་བསོད་ནམས་ཇི་སྙེད་ཡོད
202b8 བ་གཅིག་ཏུ་བསྡུས་སྤུངས་ཏེ་ཁྲི་ཕྲག་སྟོང་འགྱུར་དུ་བྱས་པ་དང་། དེ་བཞིན་གཤེགས་པའི་འབྲུག་སྒྲ་ལྟ་བུའི་དབྱངས་ཟབ་ཅིང་རྒྱང་རིང་པོར་གྲགས་པའི་མཚན་དང་མཉམ་སྟེ། གསུང་སྒྲ་དེས་ནི་སངས་རྒྱས་ཀྱི




iiif viewer powered by OpenSeadragon

202a - 203a

Texts on this page

Q1022 - thabs mkhas pa chen po sangs rgyas drin lan bsab pa'i mdo